དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་སྤྱི་བདེས་ལས་སྒྲུབ་བརྒྱུད་རིམ་ཇེ་ལེགས་དང་དཔྱད་ཡིག་ཁུ་བསྡུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-14

    ཉེ་ཆར། གསར་འགོད་པར་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཅང་སུའུ་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་འཛད་སྤྱོད་སྐུལ་སྤེལ་ལ་རམ་འདེགས་བྱེད་པའི་བྱེད་ཐབས་ཁག་16བཏོན་ཏེ་འཛད་སྤྱོད་ཀྱི་སྒུལ་ནུས་འཕེལ་བ་དང་། འཛད་སྤྱོད་རྣམ་པ་འགན་ལེན། འཛད་སྤྱོད་ཁོར་ཡུག་སྲུང་སྐྱོང་། འཛད་སྤྱོད་ཞབས་ཞུ་སྟབས་བདེ་སོགས་ལ་དམིགས་ནས་ཁེ་ལས་དང་མང་ཚོགས་ཀྱི་རེ་སྒུག་དང་རེ་ཞུར་ལན་བཏབ་སྟེ། སྤྱི་བདེའི་ཞབས་ཞུའི་གནད་སྨིན་རང་བཞིན་མུ་མཐུད་མཐོ་རུ་བཏང་ཡོད།

    རླངས་འཁོར་ཉོ་བ་དང་འཁོར་རྟགས་སྒར་བར་སྔར་བས་སྟབས་བདེ་སྐྲུན་ཆེད། ཅང་སུའུ་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རླངས་འཁོར་རྙིང་པ་གསར་བརྗེས་དང་བརྗེ་སྒྱུར་གསར་བརྗེས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། ཆ་རྐྱེན་ཡོད་པའི་རླངས་འཁོར་གཅིག་སྡུད་ཕྱིར་ཚོང་ཁུལ་དང་། སྡེ་ཁུལ་ཆེ་གྲས་ཀྱི་མཐའ་འཁོར། ཉིས་བརྒྱུད་རླངས་འཁོར་ཉོ་ཚོང་ཁྲོམ་ར་བཅས་སུ་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ས་ཚིགས་བཙུགས་ནས་རླངས་འཁོར་གསར་པ་ཐོ་འགོད་དང་། ཉིས་བརྒྱུད་རླངས་འཁོར་གཞན་སྒྱུར། གནས་སྐབས་འཁོར་རྟགས་ཞིབ་སྤྲོད་སོགས་འཁོར་རིགས་དོ་དམ་ལས་སྒོ་ཚབ་གཉེར་བྱས་པ་རེད། སླད་ཕྱིན་མང་ཚོགས་ཀྱིས“འགྲིམ་འགྲུལ་དོ་དམ་12123”APPབརྒྱུད་དྲ་ཐོག་ནས་རླངས་འཁོར་འདེམས་པ་དང་། རླངས་འཁོར་ཉོ་བ། འགན་བཅོལ་འཇོག་པ། དཔྱ་ཁྲལ་འཇལ་བ། ཨང་གྲངས་འདེམས་པ། ཐེམ་ཐོ་བླུགས་པ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་དོན་ཚན་ཁག་རང་བརྟེན་ངང་ལེགས་སྒྲུབ་ཐུབ་རྒྱུ་རེད། ཟླ་10པའི་ཟླ་མཇུག་གོང་། ཅང་སུའུ་ཡིས་ད་དུང་གློག་སྒུལ་སྦག་སྦག་ཐོ་འགོད་དོ་དམ་མ་ལག་རིམ་སྤོར་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞིང་། སྐབས་དེར་ཚོད་ལྟའི་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་དྲ་ཐོག་ནས་གློག་སྒུལ་སྦག་སྦག་ཐོ་འགོད་དང་འཁོར་རྟགས་སྒར་བ་སོགས་བྱེད་ཆོག་གི་ཡོད། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་ལ་སྔར་བས་སྟབས་བདེ་སྐྲུན་པའི་ཐད། ཅང་སུའུ་སྤྱི་བདེ་ལས་ཁུངས་ཀྱིས་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་དང་ལས་སྒྲུབ་དཔྱད་ཡིག་ཁུ་བསྡུར་སྐུལ་འདེད་བཏང་ཡོད། སླད་ཕྱིན་མང་ཚོགས་ཀྱིས“སྐྱེས་པའི་དུས་ཚོད་དག་བཅོས”བྱས་རྗེས“ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བསྒྱུར་བ”དང་། “ཐོབ་ཐང་ལག་ཁྱེར་བསྐྱར་བཟོ”“ཁ་ལོ་བའི་ལག་ཁྱེར་བསྐྱར་བཟོ”སོགས་ཀྱི་ལས་སྒོ་དུས་གཅིག་ཏུ་གཉེར་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།