ཟླ་བ་དགུ་པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་51.2%ཟིན་པ།
ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་9པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་51.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་ནས་ཟོག་འགྲུལ་གྱི་དགོས་མཁོ་བརྟན་པོའི་ངང་འཕར་ཡོད་པ་རེད།
ཟོག་འགྲུལ་ལས་སྒོའི་སྤྱིའི་དགོས་མཁོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་9པར། མངགས་ཐོའི་སྟོན་གྲངས་53.3%ཟིན་པ་དེ་ཟླ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1འཕར་ནས། ཟླ་བ་8བསྟུད་མར་འཕེལ་རྒྱས་ཀྱི་བར་ཁོངས་སུ་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་ཡོད།
གྲོང་མིའི་འཛད་སྤྱོད་ཟོག་འགྲུལ་གྱི་དགོས་མཁོ་བརྟན་པོའི་ངང་འཕར་ཞིང་། དམངས་འཚོའི་འཛད་སྤྱོད་ཟོག་འགྲུལ་མགྱོགས་མྱུར་འཕར་ནས་གྲང་ཕྲེང་བཟའ་བཅའ་དང་། ཁྱིམ་སྤྱོད་གློག་ཆས་3C ཕྱི་རོལ་ཡུལ་སྐོར། མཛེས་བཟོ་གྱོན་ཆས་སོགས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་སྣ་ཁ་ཅུང་མང་པོ་རྒྱུན་འཁྱོངས་ཐུབ་ནས། ཟླ་9་པར་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་སྒོའི་སྟོན་གྲངས་བསྡོམས་འབོར་70.1%ཟིན་པ་དེ་ལས་རིགས་ཡོངས་ཀྱི་ཆུ་ཚད་ལས་ཆེས་ཆེར་མཐོ་བ་ཡོད།
ནུས་རྒྱུ་སྐྱེལ་འདྲེན་དང་། གློག་རྡུལ་ལྷུ་ལག སྨན་རྫས་དང་རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱི་ཟོག་འགྲུལ་དགོས་མཁོ་ལེགས་སུ་ཕྱིན་ནས་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་དང་མཁའ་འགྲུལ་ཟོག་འགྲུལ་ལས་སྒོའི་བསྡོམས་འབོར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཟླ་9པར་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་དང་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་སྒོའི་སྟོན་གྲངས་བསྡོམས་འབོར་ཟླ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1དང་0.2སོ་སོར་འཕར་བ་དང་། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ལས་སྒོའི་སྟོན་གྲངས་བསྡོམས་འབོར་དང་མངགས་ཐོ་གསར་པའི་སྟོན་གྲངས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.3དང་1.2སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།