དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ནམ་མཁའ་མའི་མཚར་སྡུག་བཀྲ་བའི་མི་ཚེ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-14

    འདི་ནི་ཟླ་10ཚེས་7ཉིན། ནམ་མཁའ་མས(གཡོན)ལས་ཁང་དུ་ཡུལ་སྐོར་བར་རང་བྱུང་ཤེས་བྱ་སློབ་ཁྲིད་བྱེད་སྐབས་བསྡུ་རུབ་བྱས་པའི་མེ་ཏོག་དང་ས་བོན་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་ཟླ་10ཚེས་8ཉིན། ནམ་མཁའ་མ་དང་ཨ་ཐའེ་ཡིས་རང་ཁྱིམ་གྱི་སྒོ་འགྲམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ནམ་མཁའ་མས(གཡོན)ཡུལ་མིའི་ཁྱིམ་དུ་འཁེལ་འཐག་ལག་རྩལ་སློབ་བཞིན་པ།

    སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་ཆའོ་ཆུས་བོད་རིགས་ཤང་ནས་ཡིན་པའི་ད་ལོ་ལོ་40ལ་སླེབས་པའི་ནམ་མཁའ་མ་ནི་རྒྱལ་རོང་བོད་རིགས་ཀྱི་བུད་མེད་ཅིག་རེད།

    2007ལོར། ནམ་མཁའ་མ་དང་ཁོང་གི་བཟའ་ཟླ་ཨ་ཐའེ་ཡིས་རང་ཁྱིམ་དུ་བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་མ་ཟད། གྲོགས་པོ་ཚོའི་ངོ་སྤྲོད་འོག་རང་བྱུང་སློབ་ཁྲིད་ལས་ལ་གཞོལ་འགོ་བརྩམས་ནས། ཟབ་སྦྱོང་ལ་ཡོང་བའི་ཕྲུ་གུ་ཚོ་འབྲོག་རར་ཁྲིད་དེ་རང་བྱུང་ཁམས་ཆེན་པོར་རྐང་ཐང་མར་བསྐྱོད་པ་དང་འདབ་ཆགས་ལ་ལྟ་བ་མ་ཟད། ལམ་བར་དུ་རྙེད་པའི་རྩི་ཤིང་དག་གིས་དངོས་དཔེ་ཡང་བཟོ་ཡི་ཡོད།

    2016ལོར་ཁོང་གིས་ནམ་མཁའ་མའི་འཁེལ་འཐག་ལག་ཤེས་ལས་ཁང་བཙུགས་ནས། སྲོལ་རྒྱུན་གྱི་ལག་རྩལ་སྤྱད་དེ་གསར་གཏོད་ཇུས་འགོད་དང་ཟུང་འབྲེལ་གྱིས་རྒྱབ་ཁུག་དང་། སྐེ་དཀྲིས། སྐེ་རགས་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་པ་མ་ཟད། ཚོང་འདུས་ལ་ཞུགས་པ་དང་དྲ་ཐོག་ནས་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད། མངགས་ཐོ་མང་དུ་ཕྱིན་པ་དང་བསྟུན་ནས་ནམ་མཁའ་མས་གྲོང་ཚོའི་བུད་མེད་ཚོར་མངགས་ཐོ་བགོས་པས། ཞིང་དལ་དུས་སུ་ཚང་མར་ཡོང་འབབ་ཡོང་ཁུངས་གཅིག་མང་དུ་ཕྱིན་ཡོད། མིག་སྔར་བུད་མེད་50ལྷག་ཙམ་ནམ་མཁའ་མའི་སྐུལ་ཁྲིད་འོག་སྟབས་བསྟུན་ལས་ཞུགས་ཐུབ་ཡོད་ལ། མི་རེར་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་སུམ་སྟོང་ནས་ཁྲི་3བར་ཡོད་པ་རེད།

    ད་ཆ་ནམ་མཁའ་མ་ནི“ཆའོ་ཆུས་སྐེ་རགས་འཁེལ་འཐག་ལག་རྩལ”གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོང་གི་ལས་དོན་ཁང་ཡང་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་བདམས་ནས། སློབ་གྲྭ་དང་ལག་ཤེས་བཟོ་རྩལ་གྱི་དགའ་མོས་པ་མང་པོ་ཞིག་ཉམས་ལེན་བྱེད་པར་ཡོང་གི་ཡོད། བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ནམ་མཁའ་མས་བཏོད་པའི་རིག་གནས་བར་མཐོངས་ཀྱི་བཀོད་པ་རགས་ཙམ་གྲུབ་ནས་གྲོགས་པོ་དེ་བས་མང་བ་ཡོང་བར་བསུ་བ་ཞུ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།