དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ས་མཐོའི་ལྕགས་ལམ་གྱི་སྐྱེལ་འདྲེན་ལས་འགན་ལེགས་གྲུབ་བྱུང་བ།

    རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་87.6སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    ཚེས་10ཉིན། དུས་ཡུན་ཉིན་12རིང་གི་ས་མཐོའི་ལྕགས་ལམ་གྱི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་འགན་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་87.6སྐྱེལ་འདྲེན་བྱས་ཡོད་པ་རེད།

    ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་མཉམ་དུ་འཁེལ་བས་གུང་གསེང་ཉིན་བརྒྱད་རིང་ཡུལ་སྐོར་དུ་འགྲོ་མཁན་དང་། གཉེན་ཉེ་ཐུག་ཏུ་འགྲོ་མཁན། ཕ་ཡུལ་དུ་ལོག་མཁན་སོགས་འགྲུལ་པ་ཧ་ཅང་མང་བ་དང་། གུང་གསེང་བཏང་མ་ཐག་དང་མཇུག་འགྲིལ་སྐབས་གཉིས་ལ་འགྲུལ་པ་མང་ལ་ཕལ་ཆེ་བ་ལམ་ཐག་རིང་ཞིང་། གུང་གསེང་གི་བར་མཚམས་སུ་ལམ་ཐག་འབྲིང་ཐུང་ལ་སྐྱོད་མཁན་མང་བ་བཅས་ཀྱི་ཁྱད་ཆོས་མངོན་ནས། ས་ཆ་ཁ་ཤས་དང་དུས་མཚམས་ཁག་ཅིག་ལ་འགྲུལ་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། འགྲུལ་པའི་ཕྱིར་སྐྱོད་ཀྱི་དགོས་མཁོ་ནུས་ལྡན་སྐོང་ཆེད། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་རྒྱུན་ལ་གཞིགས་ནས་མྱུར་བགྲོད་ལྕགས་ལམ་དང་དཀྱུས་བགྲོད་ལྕགས་ལམ་གྱི་ཐོན་ཁུངས་སྤྱི་འདོམས་བྱས་ནས། གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་བ་དང་། ཤུགས་འགྲེམས་མེ་འཁོར་ཉིས་སྦྲེལ་བྱེད་པ། དཀྱུས་བགྲོད་མེ་འཁོར་གྱི་འཁོར་སྒྲོམ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་འགྲུལ་པ་མང་བའི་དུས་མཚམས་དང་། ཁ་ཕྱོགས། ས་ཆ་བཅས་ཀྱི་སྐྱེལ་འདྲེན་ནུས་པ་དུས་ཐོག་ཏུ་ཆེ་རུ་བཏང་བ་དང་སྦྲགས་བརྒྱུད་རིམ་ཧྲིལ་པོར་འགྲུལ་པ་མང་དུས་ཀྱི་མེ་འཁོར་འཁོར་སྐྱོད་ཇུས་གཞི་ལག་ལེན་བསྟར་ཡོད། དེ་དང་ཆབས་ཅིག ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་དང་། མཚོ་བོད་ལྕགས་ལམ་སོགས་ལྕགས་ལམ་མ་ལམ་གཙོ་བོའི་གཅིག་སྡུད་ཉམས་བཟོ་དང་ལམ་ཐིག་གཙང་ཕྱག་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། ས་ཁོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ཞིང་། ཁྱོན་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་72མང་དུ་བཏང་བ་དང་། འཁོར་སྒྲོམ་264སྣོན་སྦྲེལ་བྱས་ནས་འགྲུལ་པའི་ཕྱིར་སྐྱོད་ཀྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།