ཆབ་མདོས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ནུབ་རྒྱུད(ཁྲུང་ཆིང)རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་ལ་ཞུགས་པ།
ཉེ་ཆར། ཀྲུང་གོའི་ནུབ་རྒྱུད(ཁྲུང་ཆིང)རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་སྐབས་ཉེར་གཉིས་པ(ནུབ་རྒྱུད་ཞིང་ལས་ཚོང་འདུས་ཞེས་བསྡུ་རྒྱུ)ཁྲུང་ཆིང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)བཅུ་གཅིག་དང་དེ་བཞིན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ད་རེས་ཀྱི་ནུབ་རྒྱུད་ཞིང་ལས་ཚོང་འདུས་གོ་སྐབས་སུ་བྱས་ནས་ཁྲུང་ཆིང་གི་ཁྲོམ་རའི་དགོས་མཁོ་གསེད་བཀྲོལ་བྱེད་པ་དང་། རང་ཡུལ་ཁེ་ལས་ཀྱིས་ཐོན་རྫས་ཀྱི་ཐུམ་སྒྲིལ་ལེགས་སུ་གཏོང་བ་དང་གྲང་འདྲེན་ཟོག་འགྲེམས་ནུས་པ་མཐོ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་མ་ཟད། ཁྲུང་ཆིང་དང་དེ་བཞིན་ནུབ་རྒྱུད་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སྔོག་འདོན་ཟབ་མོ་བྱས་ནས་ས་གནས་དེ་གའི་བརྒྱུད་འཚོང་ཚོང་པ་དང་ཉོ་སྒྲུབ་ཚོང་པའི་དབར་ཐོན་འཚོང་མཉམ་ལས་ལམ་སྲོལ་ཡུན་རིང་བརྟན་པོ་བཙུགས་ཏེ། “དྲ་ཐོག་གི་ཐད་གཏོང་དང་དྲ་ཕྱིའི་ཉམས་ལེན”ཟུང་དུ་འབྲེལ་བའི་ཉོ་ཚོང་རྣམ་པ་འཚོལ་ཞིབ་ཀྱིས་ས་མཐོའི་ཚོང་ཟོག་ཡག་པོ་དེ་བས་མང་བ་ཁྲུང་ཆིང་གི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཁྱབ་པར་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་བས་མང་བ་བོད་ཀྱི་ཤར་རྒྱུད་ནས་ཐོན་ཐེངས་རྒྱལ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།