དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་ལ་རྩ་བ་ཚུགས། ལས་འགན་ལ་ཕན་འབྲས་ཐོན།

    ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་ཡེ་ཤེས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    “སྲིད་གྲོས་ཨུ་ཡོན་གྱི་གཡུལ་ས་ནི་ཚོགས་ཁང་གཅིག་པུ་མིན་པར་མང་ཚོགས་ཀྱི་ཁང་པའི་མདའ་གཡབ་འོག་ཏུ་ཡིན་པ་དང་། ཤོག་བུའི་ཐོག་གཅིག་པུ་མིན་པར་ལག་ལེན་བྱས་དང་བྱེད་བཞིན་པ་དེ་ཡིན”ཞེས་པ་ནི་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་འཇོ་མདའ་རྫོང་ཁང་ཐའེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་ཡེ་ཤེས་ཀྱིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད་ལ། ཁོང་གིས་འགན་འཁྲི་ལེགས་པར་སྒྲུབ་པའི་མཚོན་ཚུལ་དངོས་ཀྱང་རེད།

    སྲིད་གྲོས་ཨུ་ཡོན་ཡིན་པའི་བློ་བཟང་ཡེ་ཤེས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་འགན་སྒྲུབ་པའི་གཙོ་གནད་དེ་གཞི་རིམ་གྱི་འཐབ་ས་དང་པོར་བཞག་ཅིང་། ཁོང་གིས“གཞུང་ལས་ཁང་དུ་སྙན་སེང་ཉན་ནས་བསྡད་ན་ནམ་ཡང་ཡོལ་བ་གཅིག་གིས་ཆོད་པ་དང་། འཐབ་ས་དང་པོར་བསྐྱོད་ན་གཞི་ནས་ཡོལ་བའི་རྒྱབ་ཀྱི་གནད་དོན་ངོ་མ་མཐོང་ཐུབ་ལ་བྱེད་ཐབས་ངོ་མའང་རྙེད་ཐུབ་པའི”ངོས་འཛིན་བྱེད་ཀྱི་ཡོད།

    2021ལོར། བློ་བཟང་ཡེ་ཤེས་དང་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་གཞན་དག་12ཀྱིས་རང་འགུལ་ངང་རོགས་སྐྱོར་ཚོགས་ཆུང་བཙུགས་པ་དང་མ་དངུལ་སྒོར་ཁྲི་4ལྷག་ཙམ་རང་གྲབས་བྱས་ཤིང་། རྫོང་སྲིད་གྲོས་ཀྱི་རྒྱབ་སྐྱོར་འོག འཇོ་མདའ་རྫོང་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲིར་བསྐྱོད་པ་མ་ཟད། ད་དུང་མེ་སྐྱོན་ཤོར་ནས་ཡོད་ཚད་འཚིགས་ཏེ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་དུད་ཚང་ལའང་དྲོ་སྐྱིད་ལ་སོགས་སྦྱིན་པ་རེད། “ང་ཚོས་བསྐྱལ་བ་ནི་དངུལ་དང་དངོས་པོ་གཅིག་པུ་མིན་པར། སྤྱི་ཚོགས་ཀྱིས་ཐུགས་ཁུར་བྱེད་པ་དང་སྐུལ་ལྕག་གཏོང་བ་དེ་བས་མཚོན་ཆེད་ཡིན”ཞེས་བློ་བཟང་ཡེ་ཤེས་ཀྱིས་བཤད།

    རོགས་སྐྱོར་བྱེད་སྒོ་དེ་དག་སྤེལ་བ་བརྒྱུད་བློ་བཟང་ཡེ་ཤེས་ཀྱིས་འཚམས་འདྲི་བྱེད་ཐེངས་གཅིག་གིས་གནས་སྐབས་ཀྱི་དཀའ་ངལ་ལས་སེལ་མི་ཐུབ། དེས་ན་ངེས་པར་དུ་རང་འགུལ་གྱི་གཅེས་སེམས་བྱ་སྤྱོད་དེ་བརྟན་ལྷིང་དང་ཕུགས་ཕན་གྱི་རོགས་སྐྱོར་ལམ་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ངོས་འཛིན་ཐུབ་ཡོད། “ང་ཚོས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང‘གཅིག་གཏད་གཅིག’གམ‘མང་གཏད་གཅིག’གི་ཡུན་རིང་འབྲེལ་བ་བཙུགས་ཏེ། དུས་བཀག་ལྟར་འཚམས་འདྲི་བྱས་ནས་རོགས་སྐྱོར་མ་དངུལ་གཏོང་བ་མ་ཟད། ད་དུང་སློབ་གསོ་དང་། ལས་ཞུགས། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་མུ་མཐུད་དོ་ཁུར་དང་རོགས་རམ་ཡང་བྱེད་ཀྱི་ཡོད”ཅེས་བློ་བཟང་ཡེ་ཤེས་ཀྱིས་ངོ་སྤྲོད་བྱས་པ་རེད།

    “སྲིད་གྲོས་ཨུ་ཡོན་ཡིན་པའི་ང་ཚོའི་འབད་བརྩོན་བྱེད་པའི་ཁ་ཕྱོགས་ནི་གཞི་རིམ་ནས་མཐོང་བའི་གནད་དོན་དེ་དག་ལ་བརྟག་དཔྱད་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་པ་དང་ཆབས་ཅིག སྤུས་ཚད་མཐོ་བའི་སྲིད་གྲོས་ཀྱི་གྲོས་གཞིའམ་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་གྲུབ་པ་བྱ་རྒྱུ་དེ་ཡིན”ཞེས་བློ་བཟང་ཡེ་ཤེས་ཀྱིས་བཤད། ཉེ་བའི་ལོ་ཤས་རིང་ཁོང་གིས་ལས་ཀའི་བསམ་ཕྱོགས་དེ་འདྲ་ཞིག་རྒྱུན་འཁྱོངས་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁག་གི་དྲོད་རླངས་མཁོ་འདོན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། འཛུགས་སྐྲུན་ཁྲོམ་རའི་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སློབ་ཆེན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གནད་དོན་སྐོར་གྱི་གྲོས་གཞི་སྔ་རྗེས་སུ་ཕུལ་ཡོད།

    བློ་བཟང་ཡེ་ཤེས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནི་རྫོགས་མཐའ་མེད་པ་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་ཇི་ལྟར་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་ཤུགས་ཐེབས་ཤུགས་དང་སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཏོན་ཏེ། དེ་བས་སྒོ་དབྱེའི་ལས་སྟེགས་བསྐྲུན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་པོ་རོགས་སྐྱོར་ལས་དོན་ནང་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད། “ང་ཚོས་ཁེ་ལས་མཁས་ཅན་དང་། སྤྱི་ཚོགས་ཀྱི་བྱམས་སེམས་ཅན། དང་བླངས་པ་བཅས་དེ་བས་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་ཆེན་པོ་གཅིག་ཏུ་བསྡུས་ནས་ང་ཚོའི་ཉེ་འགྲམ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་མཉམ་དུ་དོ་ཁུར་དང་རོགས་སྐྱོར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བློ་བཟང་ཡེ་ཤེས་ཀྱིས་བཤད།

    “ང་ཚོའི་འགན་འཁྲི་ནི་ཏང་ཨུད་དང་། སྲིད་གཞུང་། མི་དམངས་མང་ཚོགས་བཅས་བར་གྱི‘སེམས་སྦྲེལ་ཟམ་པ”ཡག་པོ་འཛུགས་རྒྱུ་དེ་རེད། གནད་དོན་ཤེས་རྟོགས་དང་ཐབས་འདོན་ཇུས་འབུལ་ལ་མཁས་པ་མ་ཟད། དེ་བས་ལུས་ཚུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཕོད་པ་བྱེད་དགོས”ཞེས་བློ་བཟང་ཡེ་ཤེས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།