དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་བཟོ་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་སླར་ཡང་བྱས་རྗེས་གསར་པ་འཇོག་གི་ཡིན།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-14

    “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་དང་མངགས་བཅོལ་ནན་པོ་གནང་བ་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོས་མཐུན་སྒྲིལ་འབད་འཐབ་དང་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡིན” ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། སྲུང་སྐྱོང་དང་། འཛུགས་སྐྱོང་། ཞུགས་པ། སློབ་གསོ་བཅས་ཀྱི་འགན་ནུས་ཆེན་པོ་བཞི་ཏན་ཏིག་སྒྲུབ་པ་དང་། ལས་བཟོ་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་སླར་ཡང་བྱས་རྗེས་གསར་པ་བཞག་ནས། བཟོ་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་ཧུར་ཐག་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    དྲི་བ། བཟོ་ཚོགས་ནི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་སྣེ་ཁྲིད་ཚན་པ་ཞིག་ཡིན་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཁྲོད་ཐོན་ལས་བཟོ་པས་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུར་རམ་འདེགས་ཇི་ལྟར་བྱ་རྒྱུ་ཡིན་ནམ།

    དྲིས་ལན། ཐོན་ལས་བཟོ་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཤིག་རེད། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ནི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཐབས་ཇུས་བཀོད་སྒྲིག་འདི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་གཞན་ལ་དཀྲི་ཐབས་བྲལ་བའི་བཟོ་ཚོགས་ཀྱི་འགན་འཁྲི་ཞིག་རེད། ཕྱོགས་གཅིག་ནས་བསམ་བློ་ཁྲིད་སྟོན་དང་། བྱས་རྗེས་འཇོག་པ། བྱང་ཚད་མཐོར་གཏོང་། གནས་བབ་མཐོར་འདེགས། དཔུང་ཁག་རྒྱ་སྐྱེད་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་དཔེ་མཚོན་གཏོད་པ་བཅས་བྱས་ནས། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། བོད་ཀྱི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་སྔར་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་རང་སྐྱོང་ལྗོངས་ཀྱི“ཐོན་ལས་ཆེན་པོ་དགུའི”བཀོད་པ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་སྣ་ཚོགས་རྒྱ་ཁྱབ་དང་། གཏིང་ཟབ། ཡུན་རིང་བཅས་ཀྱི་སྒོ་ནས་སྤེལ་ཏེ་ལས་བཟོའི་གསར་གཏོད་ཀྱི་བློ་རིག་དང་མི་མངོན་པའི་ནུས་པ་སྐུལ་སྤེལ་གང་ལེགས་བྱ་རྒྱུ་ཡིན། དེ་དང་དུས་མཚུངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། “བརྒྱུད་སྤྲོད་གསུམ”གྱི་ཇུས་གཞི་ལྟར་བསམ་བློ་དང་། ལག་རྩལ། རིག་གནས། སེམས་དྲོད། བཟོ་ཚོགས་བཅས་རྩ་འཛུགས་ཀྱི་སྤེལ་རེས་སྟེགས་བུ་ཆེན་པོ་ལྔ་འཛུགས་པ་དང་། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་ཐོན་ལས་བཟོ་པའི་རྩལ་ནུས་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། ང་ཚོས“ལྗོངས་ཕྱི་ནང་གི་གསོ་སྦྱོང་ཟུང་དུ་འབྲེལ་བ་དང་བོད་སྡོད་ཀྲུང་དབྱང་ཁེ་ལས་དང་ལྗོངས་ཁོངས་སུ་གཏོགས་པའི་གཞུང་ཁོངས་ཁེ་ལས་ཀྱི་དངོས་སྦྱོང་ཕན་ཚུན་སྦྲེལ་མཐུད”ཀྱི་གསོ་སྦྱོང་ལམ་སྲོལ་ཧུར་ཐག་འཛུགས་བཞིན་ཡོད་པ་དང་ཐོན་ལས་བཟོ་པ་དེ་བས་མང་བ“བཟོ་པ”ནས“བཟོ་བོའི”བར་མཆོང་སྐྱོད་ཡོང་བ་དང་ཐ་ན“བཟོ་བོ”ནས“ལག་རྩལ་ཆེ་མོ་བའི”བར་འཚར་ལོངས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན།

    དྲི་བ། བཟོ་ཚོགས་ནི་ལས་བཟོའི་ཁེ་ཕན་མཚོན་མཁན་དང་སྲུང་མཁན་ཞིག་ཡིན་པས། བཟོ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་བརྒྱུད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་འགན་ཇི་ལྟར་བསྒྲུབ་རྒྱུ་ཡིན་ནམ།

    དྲིས་ལན། ཁེ་དབང་སྲུང་སྐྱོང་ཞབས་ཞུ་ནི་བཟོ་ཚོགས་ཀྱི་ལྡོག་མེད་ལས་འགན་ཡིན་ལ་མི་སེམས་གཅིག་ཏུ་སྒྲིལ་བའི་འགག་རྩ་ཡང་ཡིན། ང་ཚོས་གཤམ་གྱི་ལས་དོན་ཁག་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གཞི་རྩའི་རྣམ་པར་བྱེད་པའི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བཟོའི་དམངས་གཙོའི་ཁེ་དབང་འགན་ལེན་བྱེད་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དང་ཆབས་ཅིག་ཁེ་དབང་སྲུང་སྐྱོང་ཞབས་ཞུ་དེ་དམངས་གཙོ་ཁྲིམས་སྐྱོང་དང་། དྲང་སྙོམས་དྲང་བདེན། བདེ་འཇགས་ཁོར་ཡུག་སོགས་ཀྱི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུ་ཡིན། གཉིས་ནས་ལས་བཟོའི་འཚོ་བའི་སྤུས་ཚད་ལེཌ་སུ་གཏོང་བའི་ཚོད་ལྟའི་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་དོན་འཁྱོལ་ཡག་པོ་བྱས་ཏེ། རོགས་སྐྱོར་གནད་སྨིན་དང་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་གཙོ་བོར་འཛིན་པའི་ལས་བཟོར་ཞབས་འདེགས་ཞུ་བའི་བཟོ་ཚོགས་ཀྱི་མ་ལག་གང་མགྱོགས་བཙུགས་ནས། དྲོ་སྐྱིད་སྦྱིན་པ་དང་། ནད་གསོ་དང་ལུས་གསོ། བཟོ་ཚོགས་ས་ཚུགས། རྒྱང་བསྟེན་སྨན་བཅོས་སོགས་ཞབས་ཞུའི་སྤུས་རྟགས་ཡག་པོ་གཏོད་རྒྱུ་ཡིན། གསུམ་ནས་བཟོ་ཚོགས་ཀྱི་འཁོར་ཐོག་སྐོར་སྐྱོད་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་འཁོར་ཐོག་སྐོར་སྐྱོད་ཞབས་ཞུའི་ས་ཚིགས་དེ་ལས་བཟོར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྒྲོལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། བཞི་ནས་ལས་ཞུགས་ལས་རྣམ་གསར་པའི་ངལ་རྩོལ་པ་དང་དཀའ་ངལ་ཡོད་པའི་ལས་བཟོའི་ཚོགས་སྤྱིར་དམིགས་བསལ་དོ་ཁུར་བྱེད་པ་དང་། ཁོང་ཚོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། “12351”ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱེད་པ། ནུས་པས་ལྕོགས་ཚོད་ཀྱིས་ལས་བཟོ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་བ། དགོས་མཁོ་ཡོད་དུས་རོགས་རམ་ཧུར་ཐག་བཅས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་ཞབས་ཞུར་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། མི་སེམས་འགུག་པ། མི་སེམས་ཐོབ་པར་བྱེད་པ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱ་རྒྱུ་ཡིན།

    དྲི་བ། བཟོ་ཚོགས་ཀྱིས་སྒྱུར་བཅོས་ཟབ་གཏོང་དང་རང་ངོས་འཛུགས་སྐྱོང་བརྒྱུད་ལས་ཀའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཇི་ལྟར་གཏོང་རྒྱུ་ཡིན་ནམ།

    དྲིས་ལན། ཕྱོགས་གཅིག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི“བཅའ་ཁྲིམས་གཅིག་དང་བྱེད་ཐབས་གཅིག”གི་ཁྲིམས་སྒྱུར་ཞིབ་བཤེར་ལ་ང་ཚོས་གཞོགས་འདེཌ་ཧུར་ཐག་བྱས་ཏེ“བཅའ་ཁྲིམས་གཅིག་དང་བྱེད་ཐབས་གཅིག”ལྗོངས་ཡོངས་ཀྱི་རིམ་ཁག་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་བོད་སྐྱོར་སྒྲིག་སྲོལ་གྱི་ལེགས་ཆར་ཧུར་ཐག་བརྟེན་ནས་རྒྱལ་ཡོངས་བཟོ་ཚོགས་ཀྱི་རེས་སྐོར་བཞི་པའི་རོགས་སྐྱོར་རྣམ་གྲངས་མཛོད་གང་ལེགས་སྐྲུན་པ། བཟོ་ཚོགས་ཀྱི་གྲངས་རིག་ཅན་གྱི“སི་ཁྲོན་གྱི་ཉམས་མྱོང”དང“ཉིང་ཞའི་རྣམ་པར”སློབ་སྦྱོང་དང་དཔྱད་གཞིར་ཧུར་ཐག་བཟུང་སྟེ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དང་བོད་ལྗོངས་བཟོ་ཚོགས་ཀྱི“སྤྱི་གཏད་སྤྱིའི”འབྲེལ་གཏུག་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲངས་རིག་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་བཟོ་ཚོགས་ཀྱི་འཁོར་སྐྱོད་ལས་ཆོད་དང་ལས་བཟོར་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་རྫོང་རིམ་པའི་བཟོ་ཚོགས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། མགོ་གནས་ཁེ་ལས་ཀྱི་བཟོ་ཚོགས་འཛུགས་པ་དང་བཟོ་ཚོགས་ལ་ཞུགས་པའི་འགན་གཙང་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་བཟོ་ཚོགས་ལ་ཕྱོགས་པའི་སྲིད་ཇུས་དང་ལམ་སྲོལ་དེ་བས་མང་བ་འཚོལ་ཞིབ་བཅས་བྱས་ཏེ་གཞི་རིམ་བཟོ་ཚོགས་ཀྱི“གྲོན་དངུལ་དང་། གཡུལ་ས། ལས་དོན་པ་བཅས་འདང་ངེས་མེད་པ”སོགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་རྒྱུ་ཡིན། དེ་དང་ཆབས་ཅིག་རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཕུཌ་ཕན་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། བཟོ་ཚོགས་རྩ་འཛུགས་སྔར་བས་གསོན་ཤུགས་ལྡན་པ་དང་སྟོབས་ཤུགས་ལྡན་པ་ཞིག་ཏུ་ཧུར་ཐག་བསྐྲུན་ནས་དེ་ཉིད་ལས་བཟོ་མང་ཚོགས་ཀྱི་བློས་འགེལ་ཆོག་པའི“ནང་མི”ལྟ་བུར་འགྱུར་བར་བྱེད་རྒྱུ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།