ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་2025ལོའི་རྒན་རྒོན་ལ་རིན་མེད་ངང་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།
ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསླངས་པའི་དོས་དྲག་གི་དབུགས་ལམ་འགོས་ནད་ཅིག་ཡིན་པ་དང་། ནད་གཞི་དེ་འགོ་སླ་ལ་ཚབས་ལྕི་རུ་མགྱོགས་པོ་འགྲོ་བ་མ་ཟད། འགོས་ཤུགས་ཧ་ཅང་ཆེ་བའི་ཁྱད་ཆོས་ལྡན་པས། རྟག་ཏུ་རིམས་ནད་འདི་མཆེད་ཚད་མགྱོགས་པོ་ཡོད། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ཆེས་ནུས་ལྡན་གྱི་བྱེད་ཐབས་ཡིན་པ་ར་སྤྲོད་བྱས་ཡོད་ལ། རྒན་རྒོན་ལ་ཆམ་རིམས་ཕོག་པ་དང་འདུས་ནད་མི་ཡོང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གཞུང་གིས་ཆེད་དོན་མ་དངུལ་བཏང་ནས་རྒན་རྒོན་ལ་རིན་མེད་ངང་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་དམངས་ཕན་ལས་དོན་སྤེལ་བས། ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱིས་སྤྱི་ཚོགས་ལ་ཕན་འབྲས་བཟང་པོ་ཐོན་པ་དང་རྒན་རྒོན་གྱི་བདེ་ཐང་སྲུང་སྐྱོང་ལ་ནུས་པ་གལ་ཆེན་ཐོན་ཡོད། 2025ལོར་ཁྲེང་ཀོན་ཆུས་ཀྱིས་རྒན་རྒོན་ལ་རིན་མེད་ངང་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་དམངས་ཕན་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན་པ་དང་། ད་ལོའི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད།
1.སྨན་ཁབ་རྒྱག་པའི་དུས་ཚོད།
ཟླ10ཚེས10ཉིན་ནས་ཟླ11ཚེས་30ཉིན་བར་ཡིན་པ།
2.སྨན་ཁབ་རྒྱག་ས།
ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས(ས་ཚིགས)ཁག་དང་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་།
3.སྨན་ཁབ་རྒྱག་པའི་མི་ཚོགས།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་བདེ་ཐང་དོ་དམ་དང་ལེན་བྱས་པ་དང་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་པའི་ལོ་60ཡན་གྱི་རྒན་རྒོན།
འབྲེལ་གཏུག་བྱ་ཡུལ་གཤམ་གསལ།

འབྲེལ་ཡོད་གསར་འགྱུར།