དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》སྟེ《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གྱི་པར་ཕུད་འགྲེམས་སྤེལ་དང་ཞལ་འདེབས་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    ཚེས་11ཉིན་གྱི་སྔ་དྲོ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ཁང་དང་། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེ་མོ》གཞུང་ལས་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་དཔལ་བརྩེགས་བོད་ཡིག་གནའ་གཞུང་ཞིབ་འཇུག་ལྟེ་གནས་དང་བསམ་སྡིངས་དགོན་བོ་དོང་གནའ་གཞུང་ལེགས་སྒྲིག་ཁང་གིས་གཞོགས་འདེགས་བྱས་ནས་གཉེར་བའི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》སྟེ《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》གྱི་པར་ཕུད་འགྲེམས་སྤེལ་དང་ཞལ་འདེབས་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ཕེབས་ཡོད་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འཐུས་མིས《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》ལ་ཁྱོན་པོད་103ཡོད་པ་རེད།

    པར་ཕུད་འགྲེམས་སྤེལ་དང་ཞལ་འདེབས་མཛད་སྒོ་མཇུག་འགྲིལ་རྗེས་འབྲེལ་ཡོད་ཕྱོགས་ཀྱིས་བོད་ཀྱི་དགོན་སྡེ་དང་། ཡིག་ཚགས་ཁང་། དཔེ་མཛོད་ཁང་། སྨན་རྩིས་ཁང་བཅས་ཁག་གཅིག་ལ《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ》ཆ་ཚང་50ཞལ་འདེབས་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།