དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་སྐལ་བཟང་རྒྱལ་མཚན“རྒྱལ་ཡོངས་ཀྱི་ཞིང་པ་ཡག་ཤོས་བཅུའི”གྲས་སུ་བདམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིང་གིས《2025ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་ཞིང་པ་ཡག་ཤོས་བཅུ”དྲིལ་བསྒྲགས་དང་དཔེ་མཚོན་འདེམས་འཛུགས་ཀྱི་རྣམ་གྲངས་འོས་མི་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། རང་ལྗོངས་ཀྱི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོའི་གྲོང་མི་དང་བོད་ལྗོངས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྐལ་བཟང་རྒྱལ་མཚན་བདམས་ཐོན་བྱུང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐལ་བཟང་རྒྱལ་མཚན་གྱིས་ལོ་མང་རིང“འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཕྱིར་ཚོང་། ཚན་ཞིབ། གྲང་ཕྲེང་ཟོག་འགྲེམས”བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་མ་ལག་ཅིག་ཧུར་ཐག་བཙུགས་ནས་ས་མཐོའི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རང་ལྗོངས་ཀྱི་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་རུང་བའི་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག སྐལ་བཟང་རྒྱལ་མཚན་གྱིས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”མཉམ་འབྲེལ་ལམ་སྲོལ་བཟོས་ནས། འབྲོག་པ་མང་ཚོགས་དུད་ཚང་5800ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་འབབ་དེ་མང་ཚོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་དུ་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།