དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་སྐབས་དང་པོ་དང་གནའ་རྫས་ལོ་ཟུང་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    ཚེས་10ཉིན་གྱི་སྔ་དྲོར། བོད་ལྗོངས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་སྐབས་དང་པོ་དང་གནའ་རྫས་ལོ་ཟུང་འགྲེམས་སྟོན་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད།

    འགྲེམས་སྟོན་གྱི་ལྟེ་བ་དང་བཀྲག་མདངས་འཚེར་ས་ཡིན་པའི་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་གྱི་དངོས་རྫས་རྩ་ཆེན་འགྲེམས་སྟོན་ལ་མི་མང་པོས་དོ་སྣང་ཆེན་པོ་བྱུང་ཡོད། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་སོགས་ནས་བསྡུ་རུབ་བྱས་པའི་གནའ་རྫས་2000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། སྣ་ཁ་ཕུན་སུམ་ཚོགས་པའི་ནང་ཐབ་ཆས་དང་། རྟ་ཆས། བོད་རུམ། ཤིང་སྒམ། ལྕགས་ཆས་སོགས་ཚུད་ཡོད། དེའི་ནང་དངོས་རྫས་རྩ་ཆེན་མང་པོ་ཞིག་ཡོངས་བསྒྲགས་ངང་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།