“ནས་ཀྱི་སྙེ་མ་པེ་ཅིང་ཡུལ་དང་འབྲེལ། གྲོང་གསེབ་དར་རྒྱས་འགྲོ་ལམ་དེ་བས་ཡངས”
ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ལ“བོད་ཤར་གྱི་འབྲུ་མཛོད”ཅེས་པ་མིང་དུ་གྲགས། ཡུལ་དེ་གར་5Gབློ་རིག་ཞིང་ལས་མ་ལག་གིས་ཞིང་ཐང་ནང་གི་ནས་ཀྱི་ལྗང་པའི་སྐྱེ་འཚར་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་རེད། “དེ་སྔ་མུའུ་རེའི་ཐོན་འབབ་རྒྱ་མ་300ཡང་ཟིན་གྱི་མེད། ཚད་མཐོའི་ཚན་རྩལ་ལ་བརྟེན་ནས་ད་ཆ་མུའུ་རེའི་ཐོན་འབབ་རྒྱ་མ་800ཟིན་པ་དང་། ད་དུང་ཀུང་སིས་རིན་གོང་མཐོ་པོས་ཉོ་སྒྲུབ་བྱེད་ཀྱི་ཡོད”ཅེས་འདེབས་འཛུགས་དུད་ཁྱིམ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
ལྷོ་རོང་རྫོང་དུ་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིས་མངགས་ཐོའི་ཞིང་ལས་གཉེར་སྟངས་བརྒྱུད་ཁྲོམ་རའི་རིན་གོང་ལས་མཐོ་བའི་ནས་ཀྱི་རྒྱུ་ཆ་ཉོ་སྒྲུབ་བྱས་པས་འདེབས་འཛུགས་དུད་ཁྱིམ་ཆིག་སྟོང་ཙམ་ལ་ལོ་རེར་ཆ་སྙོམས་སྒོར་ཁྲི་2འཕར་བར་སྐུལ་ཁྲིད་ཐུབ་ཅིང་། དུས་མཚུངས་སུ་ཀུང་སི་དེས་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ནས་ཀྱི་རྒྱ་ཐུག་དང་རྩམ་པའི་ཏན་ཞིམ་སོགས་ཐོན་རྫས་རིགས་60ལྷག་ཙམ་ཐོན་སྐྱེད་བྱས་ནས། ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།
ལྷོ་རོང་རྫོང་གི་འཕོ་འགྱུར་ནི་བོད་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཏང་བའི་མཚོན་ཚུལ་ཞིག་རེད། 2024ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། “ཉེ་བའི་ལོ་ཤས་རིང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་སོང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཀྲང་ཧུའེ་མིང་གིས་བཤད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གནའ་བོའི་ཁམ་སྡོང་འོག ཡུལ་མི་ཟླ་བ་རྒྱལ་མཚན་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་སྒོ་ར་ཆུང་ངུ་གཙང་ཞིང་བཀོད་པ་ལེགས། “ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་ངའི་ཁྱིམ་ནས་ཕྱུར་བ་དང་ཇ་སྲུབ་མ་བཙོངས་པ་ཁོ་ནས་ཡོང་འབབ་སྒོར་ཁྲི་3རག་བྱུང”ཞེས་ཟླ་བ་རྒྱལ་མཚན་གྱིས་བཤད། སྔོན་ཆད་ཁམ་སྡོང་བཅད་ནས་མེ་ཤིང་བྱེད་པའི་གྲོང་ཚོ་དབུལ་པོ་དེ་ད་ཆ“ཁམ་བུའི་མེ་ཏོག་གྲོང་ཚོར”གྱུར་པ་དང་། ཡུལ་མིས་ས་ཞིང་མ་རྐང་ནང་ཞུགས་ནས་ཡུལ་སྐོར་མཉམ་ལས་ཁང་བཙུགས་ཡོད། 2024ལོར་གྲོང་ཚོའི་ཁྱིམ་ཚང་རེར་ཆ་སྙོམས་སྒོར་ཁྲི་10ལྷག་ཙམ་བགོ་འགྲེམས་རག་པ་རེད།
ཉི་མ་ནུབ་ཁར། གཞིས་རྩེ་གྲོང་ཁྱེར་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི་བྱེད་སྒོའི་ལྟེ་གནས་སུ་ལོ་65ལ་སླེབས་པའི་ཡུལ་མི་སྐལ་བཟང་ཚེ་རིང་དང་ཁྱིམ་མཚེས་རྣམས་ཀྱིས་གསར་དུ་བརྩམས་པའི་ལྷ་མོ་སྟེ“གངས་རི་ཇི་ཙམ་མཐོ་རུང་རྩེ་མོ་ཡོད། ཏང་གི་བཀའ་དྲིན་ཨ་སྔོན་དགུང་ལས་མཐོ། ནས་ཀྱི་སྙེ་མ་པེ་ཅིང་ཡུལ་དང་འབྲེལ། གྲོང་གསེབ་དར་རྒྱས་འགྲོ་ལམ་དེ་བས་ཡངས……”ཞེས་པའི་གླུ་སྒྲ་ས་མཐོའི་ཞིང་ནང་གང་སར་ཁྱབ། གངས་ལྗོངས་ས་མཐོར། བྱང་རྩྭ་ཐང་ནས་ཡར་ཀླུང་གཙང་པོའི་འགྲམ་ངོགས་བར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ས་བོན་གྱི་མྱུ་གུ་རྒྱས་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།