དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་གུང་གསེང་འཛད་སྤྱོད་ཀྱི་གསོན་ཤུགས་ཆེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-13

    ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་རས་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཆེན་རིང་གཙོ་གནད་ཁེ་ལས་37ལ་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3254བྱུང་བ་དེ་དུས་མཚུངས་ལས་8.5%འཕར་ཞིང་། དེའི་ནང་གཙོ་གནད་སིལ་ཚོང་ལས་རིགས་ལ་སྒོར་ཁྲི་3075བྱུང་བ་དེ་དུས་མཚུངས་ལས་9%འཕར་ཡོད། གཙོ་གནད་བཟའ་བཏུང་ལས་རིགས་ལ་སྒོར་ཁྲི་179བྱུང་བ་དེ་ན་ནིང་གི་དུས་མཚུངས་དང་གཅིག་མཚུངས་ཡིན་པས། ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རར“སིལ་ཚོང་གིས་སྣེ་ཁྲིད་དང་། བཟའ་བཏུང་བརྟན་པོ། ཕྱོགས་མང་དར་རྒྱས”བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    དུས་ཆེན་གཉིས་རིང་། རང་ལྗོངས་ཀྱིས“རིག་གནས་ཡུལ་སྐོར+”ཀྱི་མཉམ་འདྲེས་འཕེལ་རྒྱས་སྣེ་ཁྲིད་དུ་བྱས་ཏེ“རིག་གནས་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག”ཟུང་འབྲེལ་དང“རིག་གནས་ཡུལ་སྐོར་དང་འཁྲབ་སྟོན་སྒྱུ་རྩལ”ཟུང་འབྲེལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། དབྱིངས་ཞུགས་རྣམ་པ་དང་ཉམས་ལེན་རྣམ་པའི་འཛད་སྤྱོད་རྣམ་པ་གསར་པ་བཏོད་ནས། གུང་གསེང་གི་དཔལ་འབྱོར་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་རོགས་རམ་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས“འབྲི་གཡག་བུམ་པའི”སྒྲོམ་སྟེགས་སྤོ་ལོའི་འཛད་སྤྱོད་སྐུལ་སྤེལ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། “ང་ཚོའི་དུས་ཆེན”སོགས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཁག་20ལྷག་ཙམ་གཉེར་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་དང་ཆབ་མདོའི་ཁྱད་ལྡན་རིག་གནས་ཁྱབ་སྤེལ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས“ཡུལ་སྐོར་དང་། མྱོང་རོལ། ཉམས་ལེན་བཅས་ཟུང་དུ་འབྲེལ་བའི”རྣམ་པ་གསར་པ་བཏོད་པ་མ་ཟད། རྫོང་དང་ཆུས་མཉམ་འགུལ་གྱིས་ཁྱད་ལྡན་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རེས་སྐོར་20ལྷག་ཙམ་སྤེལ་ནས། ས་ཁོངས་ཧྲིལ་པོ་མཉམ་འགུལ་དང་ས་ཆ་མང་པོས་འདེགས་སྐྱོར་བྱེད་པའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

    འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྐུལ་སློང་བྱ་ཆེད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང“དམངས་ཕན་དང་དམངས་བདེའི”ལྟེ་བར་དམིགས་ནས། འཛད་སྤྱོད་ཐོན་ཁུངས་བསྡུ་སྒྲིལ་དང་ཁ་གསབ་གཟིགས་སྐྱོང་བཏོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་འདོན་སྤེལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱིས“བདེ་སྐྱིད་ལྡན་པའི་ལྷ་ས། དམངས་ཕན་འཚོ་བ་ལོངས་སྤྱོད”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། འཛད་སྤྱོད་སྐུལ་སྤེལ་མ་དངུལ་སྒོར་ཁྲི་4950བཏང་སྟེ། ཀུན་སྤྱོད་འཛད་སྤྱོད་འཛིན་ཤོག་དང་། གྲངས་འཛིན་ཐོན་རྫས་ཀྱི་ཁ་གསབ། རིག་གནས་ཡུལ་སྐོར་ཆེད་དོན་འཛིན་ཤོག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཐད་ཀར་འཛད་སྤྱོད་སྒོར་དུང་ཕྱུར་1.27སྐུལ་ཁྲིད་བྱས་པ་དང་མ་དངུལ་གྱི་འདེགས་ཤིང་ཚད་1:11ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་དགོས་མཁོར་དམིགས་ནས“བདེ་སྐྱིད་ལྡན་པའི་ཡར་ཀླུང་། དམངས་ཕན་འཚོ་བ་ལོངས་སྤྱོད”ཀྱི་ཐབ་ཆས་གསར་བརྗེས་ཁ་གསབ་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་གྱིས“སྟོན་དུས་ཀྱི་དགའ་སྤྲོའི་ཉོ་སྒྲུབ། ཚོང་ལས་དང་། ཞིང་ལས། རིག་གནས། ལུས་རྩལ། བདེ་ཐང་བཅས་ཀྱི”དུས་ཆེན་གཉིས་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་གཉེར་ཞིང་། དྲ་ཐོག་ནས་རིམ་པ་དབྱེ་ནས་འཛད་སྤྱོད་སྐུལ་སྤེལ་ཁ་གསབ་སྒོར་ཁྲི་300སྤྲད་དེ་འཛད་སྤྱོད་སྒོར་ཁྲི་1500སྐུལ་ཁྲིད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།