དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུའུ་ཅིན་ཆིན་གྱིས་ལོ་ངོ་སུམ་ཅུའི་རིང་འགོས་ནད་འགོག་བཅོས་ཀྱི་ལས་ལ་གཞོལ་བ་དང་ད་ཆ་བརྙན་ཐུང་ནས་ཚན་རྩལ་ཁྱབ་གདལ་གཏོང་བ།

    དོན་སྙིང་ལྡན་པའི་མི་ཚེ། ཉམས་པ་མེད་པའི་ཧུར་སེམས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཧྲི་ཡུས།   |     སྤེལ་དུས།  2025-10-12

    དྲ་ཐོག་ཏུ་རྒྱུག་ཆེ་བའི་འཕྱི་བས་སྐད་ཅོར་རྒྱག་པའི་བརྙན་ཐུང་མཐོང་བ་ན། ལོ་87ལ་སླེབས་པའི་ཀྲུའུ་ཅིན་ཆིན་གྱིས་ཡར་སྔོན་མཚོ་སྔོན་དུ་བསྡད་པའི་འཚོ་བ་རིམ་བཞིན་ཡིད་ལ་འཁོར། སྐབས་དེར་མཚོ་སྔོན་ཞིང་ཆེན་ཡུལ་ནད་འགོག་བཅོས་སུའོ(ད་ལྟའི་མཚོ་སྔོན་ཞིང་ཆེན་ཡུལ་ནད་སྔོན་འགོག་ཚོད་འཛིན་སུའོ)ཡི་སུའུ་ཀྲང་གི་འགན་འཁུར་བཞིན་པའི་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་འཕྱི་བའི་རིམས་ནད་འགོག་བཅོས་ཀྱི་ལས་ལ་གཞོལ།

    ཉེ་བའི་ལོ་ཤས་རིང་། ཀྲུའུ་ཅིན་ཆིན་གྱིས་དྲ་རྒྱའི་ལས་སྟེགས་སུ་ལེ་ཚན་བཟོས་ནས་དམངས་ཚོགས་ལ་འཕྱི་བའི་རིམས་ནད་འགོག་བཅོས་སྐོར་བརྗོད་ཅིང་། ད་ཆ་ཧྥེན་སི་ཁྲི་20ལྷག་ཙམ་ཡོད་པ་དང་འཕྱི་བའི་སྐོར་གྱི་ཚན་རྩལ་ཁྱབ་གདལ་བརྙན་ཐུང་ཞིག་ལ་ལྟ་ཚད་ཁྲི་2400ལྷག་ཙམ་ཟིན་ཡོད། ཀྲུང་གོ་སྔོན་འགོག་གསོ་རིག་ཚན་རིག་ཁང་རིམས་ནད་རིག་པའི་སྐྱེ་དངོས་ཕྲ་རབ་རིག་པ་ཞིབ་འཇུག་སུའོ་ཡི(ད་ལྟའི་ཀྲུང་གོ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོས་ནད་སྔོན་འགོག་ཚོད་འཛིན་སུའོ)ཚོད་ལྟ་ཁང་ཡིན་ནའང་འདྲ། ཡང་ན་མཚོ་སྔོན་གྱི་འཕྱི་བའི་རིམས་ནད་ཐོན་ས་དང་བར་ཐག་གོམ་པ་ཁ་ཤས་ལས་མེད་པའི་ཕྱིང་གུར་དང་། ཧྲང་ཧའེ་ཧྥེང་ཅིན་གྲོང་རྡལ་དུ་ཡོད་པའི་རང་ཁྱིམ་གྱི་སྒོ་རའི་ནང་ལོག་པ་གང་ཞིག་ཡིན་རུང་། “སྐྱེ་དངོས་ཤ་ཆེན”ལྟ་བུའི་ཁོང་གིས་ས་ཕྱོགས་གང་དུ་སླེབས་ཀྱང་ཧུར་ཐག་ངང་ལས་ཀ་སྒྲུབ་པ་དང་སེམས་རྣལ་དུ་ཕབ་ནས་འཚོ་བ་སྐྱེལ་གྱི་ཡོད།

    སློབ་ཆེན་ནས་མཐར་ཕྱིན་རྗེས་མཚོ་སྔོན་དུ་ལོག་ཏེ་རིམས་འགོག་ལས་དོན་བསྒྲུབས་པ།

    རྒན་ཡོལ་ཞུས་ནས་ལོ་10ལྷག་ཙམ་སོང་རྗེས། ཀྲུའུ་ཅིན་ཆིན་གྱིས་སླར་ཡང་མཚོ་སྔོན་ལ་ལོག་ནས་གྲོགས་པོར་འཚམས་འདྲི་བྱས་པ་རེད། སྔོན་ཆད་དང་མི་འདྲ་བ་ཞིག་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད་པ་རེད། སྔོན་དུས་ཀྱི་གནས་ཚུལ་མཐའ་དག་ཁོང་གི་དྲན་པའི་ངོས་སུ་གསལ་ལེར་འཆར།

    བསམ་འདུན་བཞིན་པེ་ཅིང་གསོ་རིག་སློབ་གླིང་སྤྱི་པའི་འཕྲོད་བསྟེན་ཚན་ཁག་ཏུ་ཚུད་རྗེས། ལོ་གསུམ་རིང་སློབ་སྦྱོང་བྱས་པ་བརྒྱུད་ཁོང་ཀྲུང་གོ་གསོ་རིག་ཚན་རིག་སློབ་གླིང་གི་ཆེད་ལས་འཛིན་གྲྭ་བརྒྱད་པའི་ནང་བདམས་ཡོད། དེ་གར་ཀྲུའུ་ཅིན་ཆིན་གྱིས་འཕྱི་བའི་རིམས་ནད་སྐོར་གྱི་ཚོད་ལྟ་ཁང་གི་ཤེས་བྱ་མང་པོ་སྦྱངས་པ་དང་། ཀྲུང་གོ་སྔོན་འགོག་གསོ་རིག་ཚན་རིག་སློབ་གླིང་རིམས་ནད་རིག་པའི་སྐྱེ་དངོས་ཕྲ་རབ་རིག་པ་ཞིབ་འཇུག་སུའོ་རུ་ལོ་གཉིས་རིང་དངོས་སྦྱོང་བྱས་པ་དེས་ཀྱང་ཁོང་གི་སླད་ཕྱིན་གྱི་ལས་དོན་ལ་རྨང་གཞི་བཏིང་ཡོད་པ་རེད།

    1959ནས་1961ལོའི་བར། པེ་ཅིན་དུ་སྡོད་པའི་ཀྲུའུ་ཅིན་ཆིན་གྱིས་མཚོ་སྔོན་དུ་འཕྱི་བའི་རིམས་ནད་གློ་བུར་མཆེད་པའི་གནས་ཚུལ་ཐོས་པ་རེད། འཛིན་གསོད་བྱེད་རིང་། འཕྱི་བའི་སྡེར་མོ་རྣོན་པོ་ཡིས་འཛིན་མཁན་གྱི་མཛུབ་མོར་རྨ་བཟོ་སྲིད་པ་དང་། འཕྱི་ནད་ཀྱི་སྲིན་བུ་ཁྲག་བརྒྱུད་ནས་མིའི་ལུས་ཕུང་དུ་འཛུལ་སྲིད། གཞན་ཡང་། དམིགས་བསལ་རིགས་ཀྱི་ལྗི་བའི་རྒྱུད་ལ་ཡང་འཕྱི་ནད་ཀྱི་སྲིན་བུ་ཡོད་སྲིད་པས། དེས་སོ་བཏབ་ན་རིམས་ནད་མཆེད་སྲིད། མཚོ་སྔོན་གྱི་འཕྱི་རིམས་ནད་པ་མང་པོའི་རྨེན་མདུད་ཧ་ཅང་སྐྲངས་པའི་ཁར་ད་དུང་ཚ་བ་ཆེན་པོའང་རྒྱས་ཀྱི་ཡོད།

    ལོ་ན་གཞོན་པའི་ཀྲུའུ་ཅིན་ཆིན་ཧ་ཅང་བློ་མི་བདེ་བར་གྱུར། སློབ་མཐར་ཕྱིན་རྗེས་དང་ཐོག་ནུབ་བྱང་གི་ཡུལ་ལུང་ཆེན་པོ་ནས“འབྲོ”འདོད་པའི་བུ་མོ་དེས་པེ་ཅིང་དུ་སྡོད་པའི་གོ་སྐབས་དོར་ནས་མཚོ་སྔོན་ལ་ལོག་རྒྱུའི་སེམས་ཐག་གཙང་བཅད་བྱས། མཚོ་སྔོན་ལ་སླེབས་ནས་ལས་ཀ་བྱེད་སྐབས་ཁོང་གིས་གཞི་ནས་ས་ཆ་དེ་གར་ཆ་རྐྱེན་ཞན་པ་ཚོར་བ་སྟེ། ཚོད་ལྟ་ཁང་དུ་ཆུ་ཀ་ལ་མེད་པས་རང་ཉིད་ཀྱིས་ཁྲོན་པ་ནས་ཆུ་ལེན་དགོས་པ་དང་། འགོག་སྲུང་ཐད་སྤྱོད་པ་ནི་ཆེས་རྨང་གཞིའི་སྨན་སྤྱོད་སྲིང་བལ་ཁ་རས་ཡིན་ལ། མཐུག་ཚད་ལི་སྨི་1ལྷག་ཙམ་ཟིན་པའི་སྨན་སྤྱོད་སྲིང་བལ་ཁ་རས་ཀྱིས་ཁ་སྣ་བཀབ་ཚེ་ཚོད་ལྟ་ཁང་དུ་འཛུལ་མ་ཐག་ཚ་དྲོད་བཟོད་ཐབས་མེད་པ་རེད། ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་ཁོང་གིས་ལོ་ཟླ་དེར་ཕྱིར་དྲན་བྱེད་ཀྱིན་དུ“ཁོར་ཡུག་དང་ཆ་རྐྱེན་ཇི་ལྟར་ཞན་རུང་། ཚོད་ལྟ་ཁང་གི་ལས་དོན་པར་ན་ཚ་གཏན་ནས་འགོས་མྱོང་མེད། སྐྱོབ་བཅོས་བྱས་པའི་འཕྱི་རིམས་ནད་པ་ཚང་མ་གསོན་པོར་གནས་ཡོད”ཅེས་བཤད།

    ནད་པ་དང་ཆེས་ཐག་ཉེ་སར་ལས་ཀ་སྒྲུབ་ཡུལ་བཙུགས་པ།

    འཕྱི་བའི་རིམས་ནད་ཐེངས་གཅིག་མེད་པར་བཟོ་དགོས་ན། མི་ཤུགས་དང་། དུས་ཚོད། དངུལ་བཅས་ལ་བསམ་བློ་གཏོང་མི་རུང་། འཕྱི་བའི་རིམས་ནད་འགོག་བཅོས་ཁང་དུ་ལས་ཀར་སྐྱོད་མ་ཐག་འཕྱི་བའི་རིམས་ནད་ལ་མགྱོགས་མྱུར་བརྟག་དཔྱད་བྱེད་ཐབས་མི་འདང་བའི་དབང་གིས་ཀྲུའུ་ཅིན་ཆིན་གྱིས་ནད་པའི་སྐྱི་ལྤགས་བླངས་ནས་ཚོད་ལྟ་ཁང་དུ་འཕྱི་ནད་ཀྱི་སྲིན་བུ་གསོ་སྐྱོང་བྱེད་དགོས་ལ། དེར་དུས་ཚོད་ཆུ་ཚོད་48དང་ཆུ་ཚོད་96ཐ་ན་དེ་ལས་ཀྱང་རིང་བ་འགོར་གྱི་ཡོད།

    ལོ་35ལ་སླེབས་སྐབས་ཀྲུའུ་ཅིན་ཆིན་གྱིས་དྭངས་ཁྲག་རིག་པའི་ཐོག་ནས་འཕྱི་བའི་རིམས་ནད་བརྟག་དཔྱད་ཀྱི་ཞིབ་འཇུག་ལས་གཞིའི་འགན་འཁུར་ཡོད། འཕྱི་བའི་རིམས་ནད་ཐར་ཐོར་ཐོན་པ་དང་འཕྱི་བའི་རིམས་ནད་བརྟག་དཔྱད་བྱེད་ཐབས་མགྱོགས་མྱུར་འཚོལ་དགོས་སྟབས་འཕྱི་འཛིན་རུ་ཆེན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཡོད། མཐོ་ཚད་སྨི་3000ཡན་ཟིན་པའི་ས་མཐོར་རྒྱང་རིང་ནི་གངས་རི་དང་མིག་མདུན་ནི་དྲག་ཆས་སྤྲས་པའི་འཕྱི་འཛིན་རུ་མི་བཅུ་གྲངས་ཁ་ཤས་རེད། དུས་ཡུན་ཟླ་3རིང་འཕྱི་བ་1000ལྷག་ཙམ་འཛིན་བཟུང་བྱས་པ་དང་ཚོད་སྨན་1000ལྷག་ཙམ་སྤྱད་ཡོད། ཚོད་སྨན་དེ་དག་ལ་གཞིགས་ནས། ཀྲུའུ་ཅིན་ཆིན་གྱི་ཚོགས་པས་འཕྱི་བའི་རིམས་ནད་ཀྱི་དྭངས་ཁྲག་རིག་པའི་ནད་དཔྱད་ཚད་གཞི་དེ་ཐིགས་ཚད་1:40ལ་གཏན་འཁེལ་བྱས་ཡོད། ཞིབ་འཇུག་མི་སྣ་བརྒྱ་ཙམ་གྱིས་ཁྲག་དཀག་ཚོད་ལྟ་ལེགས་གྲུབ་མ་བྱུང་བར་ས་མཐོའི་སྟབས་བདེའི་ཚོད་ལྟ་ཁང་དུ་བསྡད་མཐར། འཕྱི་བའི་རིམས་ནད་ལ་ཆུ་ཚོད་2ནང་མགྱོགས་མྱུར་བརྟག་དཔྱད་ཀྱི་ཚད་གཞི་བྱུང་བ་དང་། དེ་ལས་རང་རྒྱལ་གྱི་འཕྱི་བའི་རིམས་ནད་བརྟག་དཔྱད་ཀྱི་ཚད་གཞི་དེ་རྒྱལ་སྤྱི་དང་འབྲེལ་མཐུད་བྱུང་བ་མཚོན་གྱི་ཡོད། དེ་རྗེས་ཀྲུའུ་ཅིན་ཆིན《འཕྱི་བའི་རིམས་ནད་ཀྱི་རང་བྱུང་རིམས་ཁུངས་དང་དེ་བཞིན་སྲོག་ཆགས་ཀྱི་འཕྱི་བའི་རིམས་ནད་ཁྱབ་ཚུལ་གཏན་འཁེལ་གྱི་ཚད་གཞི》དང《མི་ཡུལ་གྱི་འཕྱི་བའི་རིམས་ནད་ས་ཁུལ་ཐག་གཅོད་ཚད་གཞི་དང་དེ་བཞིན་རྩ་དོན》སོགས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཚད་གཞི་བཟོ་བའི་ལས་ཀའི་ནང་ཞུགས་པ་རེད། ལོ་འགའི་རྗེས་སུ། ལས་དོན་དེ་ཚོད་ལྟ་ཁང་ནས་རིམས་ནད་ཐོན་ཁུལ་དུ་སྤོས་པ་རེད། ཐོག་མར་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་ཤང་དུ་འཕྱི་བའི་རིམས་ནད་ཕོག་པའི་ནད་པ་གཅིག་ཤི་བ་དང་ནད་པ་6ལ་འཕྱི་བའི་རིམས་ནད་འགོས་པའི་དོགས་གཞི་ཡོད་པ་རེད། ཉིན་གཉིས་པར། ཀྲུའུ་ཅིན་ཆིན་གྱིས་ཚོགས་པ་ཁྲིད་དེ་ས་ཡུལ་དངོས་སུ་བསྐྱོད་པ་རེད། འཕྱི་བའི་རིམས་ནད་དྲག་པོ་དེ་ཐག་གཅོད་བྱེད་རིང་། ཚང་མས“ལས་སྒྲུབ་བྱ་ཡུལ་གང་དུ་བཀོད་སྒྲིག་བྱེད་པའི”ཐད་རྩོད་གླེང་བྱུང་ཡོད། ཀྲུའུ་ཅིན་ཆིན་གྱིས“ནད་པ་གང་དུ་ཡོད་ན་དེ་གར་བཀོད་སྒྲིག་བྱེད་དགོས”ཞེས་བཤད་པ་རེད། མཐར་འཕྱི་ནད་འགོས་པའི་དོགས་གཞི་ཡོད་པའི་ནད་པ་དྲུག་པོ་སྐྱོབ་བཅོས་ཐུབ་ཡོད།

    དྲ་ཐོག་ནས་འདས་དོན་ཕྱིར་དྲན་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ།

    དྲ་ཐོག་ནས་འདས་དོན་གླེང་འགོ་ཚུགས་རྗེས། ཀྲུའུ་ཅིན་ཆིན་སྐད་གྲགས་ཆོད་ཐེངས་དང་པོ་ནི“རྒྱུ་ནོར་དག་བུ་དང་བུ་མོར་བགོས་ཟིན་པས། ངར་ནད་གཞི་ལྕི་པོ་ཕོག་པའམ་ཡང་ན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཚེ། མྱུར་སྐྱོབ་བྱེད་ཐབས་གང་ཡང་སྤྱོད་མི་དགོས”ཞེས་པའི་བརྙན་ཐུང་དེ་གློ་བུར་དུ་གང་སར་ཁྱབ་པས་རེད། འཕྲིན་ལན་ཁྲི་2ལྷག་ཙམ་གྱིས་ཁོ་མོར་དངངས་འཚབ་བསླངས་པ་དང་། དྲ་གྲོགས་ཚོས་དཔྱད་གཏམ་སྤེལ་སར་ཁོང་ལ“བློ་གཤོགས་ཡངས་པའི་རྨོ་བོ་ལགས”ཞེས་འབོད་ཀྱི་ཡོད།

    ཧྥེན་སི་ཁྲི་20ལྷག་ཙམ་ཁྲོད་ལོ་ན་མི་འདྲ་བའི་མི་ཡོད་པ་རེད། ཁོང་གི་གླེང་མོལ་ལས་ཧྥེན་སི་ཚོས་སྐབས་དེ་དུས་འཕྱི་བའི་རིམས་ནད་འགོག་བཅོས་བྱ་གཞག་ནང་ཞུགས་མཁན་རྒན་རབས་པ་དེ་འདྲའི་མང་པོ་ཡོད་པ་རྟོགས་ལ། ཁག་གཅིག་གིས་དེ་གར“དྲན་གསོ་བྱ་ཡུལ”དུ་བརྩིས་ནས་གཉེན་ཉེ་དང་གྲོགས་པོ་ཚོར་དྲན་གསོ་བྱེད་པ་རེད།

    2025ལོའི་ཟླ་2པར། དྲ་གྲོགས་ཤིག་གིས་འཕྱི་བ་ཉོས་ནས་གསོ་ཚགས་བྱས་པའི་གསར་འགྱུར་ཞིག་ཐོས་པས་ཀྲུའུ་ཅིན་ཆིན་གྱིས་འཕྱི་བ་གཅེས་ཉར་སྲོག་ཆགས་སུ་ཇི་ལྟར་གྱུར་རམ་སྙམ་ནས་ཧང་སངས་ཡོད། སྤྱི་དམངས་ལ་དྲན་སྐུལ་བྱ་ཆེད། ཁོང་གིས་བརྙན་ལམ་ནང་འཕྱི་བའི་རིགས་དབྱེ་བ་དང་། “སྤྱི་དམངས་ཀྱིས་ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་དཔེ་ལྟར། འཕྱི་བའི་རིམས་ནད་སླར་ཡང་ཐོན་པར་དོགས་ཟོན་བྱེད་དགོས་པའི”སྐོར་གསལ་འགྲེལ་བྱས་ཤིང་། རིག་གཞུང་སྙན་ཞུའི་ཚོམས་ཆེན་གྱི་འཆད་ཁྲིད་ཅིག་དང་འདྲ་བའི་བརྙན་ལམ་དེར་ལྟ་མཁན་གྱི་དྲ་གྲོགས་ཁྲི་སྟོང་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།