དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བྱ་ཐབས་ཁག་གསུམ”ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་པ།

    ——ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-12

    ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར་ལོ་10ལྷག་ཙམ་རིང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཐོན་ལས་དར་རྒྱས། སྐྱེ་ཁམས་སྔོན་འཇོག་བཅས་ཀྱི“བྱ་ཐབས་ཁག་གསུམ”ལ་བརྟེན་པས། སད་སྒོ་རྭ་གྲོང་ཚོ་འདི་ཉིད་གྲོང་གསེབ་དར་རྒྱས་ཕྱོགས་སུ་སྐྱོད་པའི་ལམ་ཆེན་དུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    “འགན་གཙང་གསུམ”གྱི་ལམ་སྲོལ་ལས་གཞི་རིམ་གྱི་མཁར་རྫོང་བརྟན་དུ་ཕྱིན་པ།

    2012ལོའི་གོང་། སད་སྒོ་རྭ་གྲོང་ཚོའི་དུད་ཚང་36གི་ཡུལ་མིའི་ཁྲོད་དུད་ཚང་དབུལ་པོས་གསུམ་ཆ་གཅིག་ཙམ་བཟུང་ཡོད་པས། གཞི་རིམ་གྱི་རྩ་འཛུགས་ཁ་ཐོར་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཚད་དམའ་བ། གོང་བུ་འགྲིལ་ཤུགས་མི་འདང་བ་བཅས་རེད།

    “རྩ་འཛུགས་སྟོབས་ཆེར་མ་ཕྱིན་ན། འཕེལ་རྒྱས་ཡོང་བའི་རེ་བ་མེད། དེས་ན་འགྱུར་ལྡོག་གཏོང་བར་སྔོན་ལ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་ནས་འགོ་འཛུགས་དགོས” སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་བསམ་ཕྱོགས་གཏན་འཁེལ་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད། ཡུག་ཁུལ་འགན་གཙང་ལེན་པ་དང་། དུད་ཚང་འགན་གཙང་ལེན་པ། འགན་གཙང་ལེན་པ་བཅས་ཀྱི“འགན་གཙང་གསུམ”གྱི་ལམ་སྲོལ་བཟོས་པ་སྟེ། “གཉིས་ལྡན་དུད་སྦྲེལ”གཞི་རྩའི་ཚན་པར་བྱས་ཏེ། གྲོང་ཚོ་ཡོངས་ཏང་ཚོགས་ཆུང་5ལ་བགོས་པ་དང་། ཏང་ཚོགས་ཆུང་རེ་རེས་ཁྱིམ་ཚང་ལྔ་ནས་བརྒྱད་བར་འགན་གཙང་བླངས་ཏེ “སྲིད་ཇུས་སྒྲོག་འགྲེལ་དང་། འགལ་ཟླ་འདུམ་འགྲིག ཐོན་ལས་རོགས་སྐྱོར། སྐྱེ་ཁམས་བདག་སྐྱོང”སོགས་ཀྱི་འགན་འཁྲི་ཁག་10ཁ་གསལ་བཟོས་ནས་རྩ་འཛུགས་ཀྱི་མཁར་རྫོང་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།

    བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་དོགས་གནད་བསལ་ཏེ་རྩ་འཛུགས་ཀྱི་ནུས་པ་དང་གོང་བུ་འགྲིལ་ཤུགས་དངོས་སུ་ཆེ་རུ་གཏོང་ཆེད། སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས“ཁས་ལེན་བྱས་པ་ལག་བསྟར་དང་། མང་ཚོགས་ཀྱི་དཔྱད་གླེང་། སྐར་གསོག་དཔྱད་ཞིབ”བཅས་ཀྱི་ལམ་སྲོལ་བཙུགས་ཏེ། ཏང་ཡོན་དུད་ཚང་སྐུལ་སློང་བྱས་ནས་སྒྲིག་འགལ་ངང་བསྐྲུན་པའི་ཁང་པ་སྔོན་ལ་བཤིག་ཏུ་བཅུག་ནས་ས་ཆའི་ཐོན་ཁུངས་བརྒྱུད་བཤུག་ལ་སྣེ་ཁྲིད་པ་དང་། “སྐར་མ་རྒྱག་པའི་ཡིག་སྒྲོམ”དང“ལན་འཇོག་ཡིག་སྒྲོམ”སྔོན་ཉར་བྱས་ནས་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་གཙང་ལེན་ལ་གདེང་འཇོག་དང་ཏང་ཡོན་ལ་འབྲེལ་གཏུག་ཐུབ་པར་བྱས་པ། དུས་ཚིགས་བཞིན་ཏང་ཡོན་གྱི་འགན་སྒྲུབ་མཚོན་ཚུལ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སོགས་ལ་གྲངས་བཅད་དོ་དམ་དང་ཟླ་རེར་སྐར་གྲངས་ཁྱབ་བསྒྲགས་བྱས་ཏེ་ཏང་ཡོན་གྱིས་འགན་འཁྲི་འཁུར་བ་དང་ཁས་ལེན་ལག་བསྟར་བྱེད་པར་སྐུལ་ལྕག་བྱས་པ་བཅས་ལས་གྲོང་ཚོར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད།

    སད་སྒོ་རྭ་གྲོང་ཚོའི་ཏང་ཡོན་གྱི“འགན་གཙང་གསུམ”གྱི་ལམ་སྲོལ་གྱི་སྣེ་ཁྲིད་འོག་མང་ཚོགས་ཀྱི་བློ་ཁ་ཕྱོགས་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཏང་རྩ་འཛུགས་ལ་ཕྱོགས་པས་སད་སྒོ་རྭ་གྲོང་ཚོ་དེ“དུད་ཚང་ཚང་མར་ཏང་ཡོན་ཡོད་པའི་གྲོང་ཚོར”གྱུར་ནས་གྲོང་ཚོ་ཡོངས་ཀྱི་ཡུལ་མིས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ངར་ཤུགས་གཅིག་ཏུ་སྒྲིལ་ཡོད།

    ཐོན་ལས་འཕེལ་རྒྱས་ལས“རང་བརྟེན”གྱི་ནུས་པ་ཆེ་རུ་ཕྱིན་པ།

    སད་སྒོ་རྭ་གྲོང་ཚོའི་རྒྱབ་ཕྱོགས་སུ་རི་བོ་དང་མདུན་ཕྱོགས་སུ་ཆུ་བོ་ཡོད་པ་དང་ཞིང་ས་གཤིན་པོ་ཤིན་ཏུ་མང་། འོན་ཀྱང་སྔོན་ཆད་མང་ཚོགས་ཀྱིས་ས་ཞིང་ཁོ་ན་བསྲུངས་ཏེ་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ་ལས་འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱེད་མཁན་མེད་ལ། ཐོན་ལས་རྣམ་གྲངས་ཡག་པ་ཞིག་ཀྱང་མེད་པས་མཉམ་སྡེབ་དཔལ་འབྱོར་འཕེལ་མེད་སོར་གནས་སུ་ལུས།

    ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དུས་ཐུང་གི་བྱ་བ་ཞིག་མིན་པ་དང་མཉམ་ལས་ཁང་གིས་ཀྱང་དཔག་ཚོད་ཀྱིས་སྒྲུབ་དགོས། འཚོལ་ཞིབ་རྒྱུན་མཐུད་བྱས་པ་བརྒྱུད། བོད་བྱ་གསོན་ཚད་60%ནས་95%བར་མཐོ་རུ་ཕྱིན་པ་དང་ཚོང་ལམ་ཡང་རྒྱ་ཆེར་སོང་ཡོད། ཡུལ་མི་ཚོས་ས་མཐོར་བོད་བྱ་གསོ་སྤེལ་ཐུབ་པ་མཐོང་ནས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་ཡོད།

    བོད་བྱའི་ཐོན་ལས་ཀྱི་འགག་ལམ་བཤངས་ནས་ཡུལ་མིར་ཕན་འབྲས་དངོས་བྱུང་ཡོད། དེ་རྗེས་སད་སྒོ་རྭ་གྲོང་ཚོར་སྔ་རྗེས་སུ་ལུག་གསོ་སྤེལ་དང་། ནགས་ཁྲོད་རི་སྐྱེས་ཀོ་ཤ་འདེབས་འཛུགས། ཁ་ཆེ་ཤ་སྐམ་མི་ཐབས་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་ནང་འདྲེན་བྱས་པས་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད།

    ད་ཆ་སད་སྒོ་རྭ་གྲོང་ཚོའི་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་ནས་གྲོང་ཚོ་ཡོངས་ཀྱི་80%ཡི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ནས། “རང་བརྟེན”ནུས་པ་ཇེ་ཆེར་ཕྱིན་པ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལམ་བུ་ཡངས་སུ་ཕྱིན་ཡོད།

    བྱེ་རླུང་ལྡང་སར་སྔོ་འགྱུར་ནགས་བཟོ་བྱས་ཏེ“སྔོ་ལྗང”གི་གྲོང་ཚོ་གསར་པ་བསྐྲུན་པ།

    “ང་ཚོའི་གནས་འདིར་བྱེ་རླུང་ལྡང་ཤུགས་ཆེན་པོ་ཡོད། སྔོན་ཆད་དགུན་དུས་དང་དཔྱིད་དུས་ཡར་ཀླུང་གཙང་པོའི་ངོགས་སུ་ལྡང་བའི་བྱེ་མས་ཁེངས་ནས་གཙང་པོའི་བྱང་རྒྱུད་ནས་ལྷོ་རྒྱུད་ཀྱང་མཐོང་མི་ཐུབ”ཅེས་དེ་སྔའི་སད་སྒོ་རྭ་གྲོང་ཚོའི་ཁོར་ཡུག་སྐོར་གླེང་སྐབས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མཆོག་ཚེ་རིང་གིས་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད།

    2009ལོའི་གོང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་30ཡིས“བྱེ་འགོག་འཕྲལ་རྒོལ་རུ་ཁག”བཙུགས་ནས་གཙང་པོའི་ངོགས་སུ་གུར་ཕུབ་སྟེ་ཤིང་འཛུགས་བྱེ་འགོག་བྱས་ཡོད། འོན་ཀྱང་སྐབས་དེ་དུས་ཤིང་འཛུགས་སྟངས་ཡག་པོ་མི་ཤེས་པའི་དབང་གིས་འདེབས་འཛུགས་བྱས་པའི་སྦྱར་མྱུག“ས་ཆུ་མི་འཕྲོད”པས“དཔྱིད་ཀར་བཏབ་ན་དབྱར་ཁར་ཤི་སྟེ་གསོན་ཚད་30%ཡང་ཟིན་གྱི་མེད།

    ཏང་ཡོན་རིན་ཆེན་རྡོ་རྗེས་ཕམ་ཁར་མགོ་མི་སྒུར་བར་རྐང་ཐང་དང་རླངས་འཁོར་གླས་ཏེ་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་སུ་རིགས་གཅིག་མཁས་ཅན་ལ་རོགས་རམ་བྱེད་རོགས་ཞུ་བར་བསྐྱོད། ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་བརྒྱུད་མཐར་ས་གནས་དེ་གའི་སྐྱི་བ་ཤིང་སྔོ་འགྱུར་གྱི་ཤིང་རིགས་འདེབས་འཛུགས་གཙོ་བོར་བྱ་རྒྱུའི་གཏན་འཁེལ་བྱས།

    དེ་ལྟར་འདེབས་འཛུགས་ཀྱི་དུས་ཚིགས་སུ་སླེབས་སྐབས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་མཉམ་དུ་ཞུགས་ནས་ཐོ་རེངས་ཆུ་ཚོད་5པར་གཙང་འགྲམ་དུ་ལྕང་ཁུང་འདྲུས་ནས་ཤིང་འཛུགས་པ་དང་ཆུ་བརྒྱབ་པ་མ་ཟད། ད་དུང་སོག་མར་བརྟེན་ནས་རླུང་འགོག་དྲ་བ་བསྐྲུན་པ་བཅས་བྱས་པས་མྱུ་གུ་གསོན་ཚད་80%བར་མཐོ་རུ་ཕྱིན་ཡོད།

    ད་ཆ་སད་སྒོ་རྭ་གྲོང་ཚོར་སྐྱོད་སྐབས་རི་ཆུ་དྭངས་ཤིང་ལས་རིགས་དར་བ་དང་ཤེས་དཔལ་ཤང་སྲོལ་གྱི་རྣམ་པ་ཞིག་མངོན་ནས“གསེར་མདོག་གི་ཁྱིམ་གཞིས”དེར་དུས་རབས་གསར་པའི་འོད་མདངས་རབ་ཏུ་འཕྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།