དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཁུལ་ལྔ”བཏོད་དེ་སྤུས་ཚད་མཐོ་བའི་ནག་ཆུ་ཧུར་ཐག་སྐྲུན་གྱི་ཡིན།

    ——ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཀྲ་ཤིས་རྡོ་རྗེར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-12

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་རྒྱལ་ལྷུན་པོ་ཇི་བཞིན་གྱི་བརྩེ་བ་ཟབ་མོ་དང་མངགས་བཅོལ་ཟབ་མོ་ནི་དྲོ་འཇམ་ཉི་འོད་དང་འདྲ་བར་ནག་ཆུའི་བུ་ཕྲུག་ཁྲི་50ལྷག་ཙམ་གྱི་སེམས་ཀྱི་ཞིང་སར་འཕྲོས་ཡོད” ཉེ་ཆར། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཀྲ་ཤིས་རྡོ་རྗེས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ནག་ཆུ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“ཁུལ་ལྔ”གཏོད་རྒྱུ་ཞིབ་ཕྲའི་ཐབས་ལམ་དུ་བརྩིས་ཏེ། ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད་ཅེས་བརྗོད་པ་རེད།

    དྲི་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནག་ཆུ་གྲོང་ཁྱེར་གྱིས་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་སྟངས་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཇི་ལྟར་རྩོམ་རྒྱུ་ཡིན་ནམ།

    ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གི་བརྩེ་བ་ཟབ་མོ་ནི་ང་ཚོས་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེ་ཤོས་རེད། ང་ཚོས་སྐུལ་ལྕག་ཆེན་པོ་དངོས་སྒྲུབ་ཀྱི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ། ནག་ཆུའི་དོན་དངོས་ལ་གཞི་ཚུགས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་། ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་མཁོ་སྤྲོད་ཁུལ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ལེགས་སྐྱེས་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་ཁུལ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དངོས་ཟོག་གྲབས་གསོག་ཁུལ”བཅས“ཁུལ་ལྔ”གཏོད་རྒྱུ་དེ“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་དང་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཡོད། “ནག་ཆུར་དེ་བས་སྤུས་ཚད་ལྡན་པའི”འབད་འཐབ་དམིགས་ཚད་ལ་དམིགས་ནས་སྲིད་ཇུས་དང་། ཐོན་ཁུངས། ས་བབ་ཀྱི་ལེགས་ཆ་བཅས་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་ཀྱི་ཡིན།

    དྲི་བ། ཁྱེད་རང་གིས་ད་ལྟ“ཁུལ་ལྔ”འཛུགས་སྐྲུན་བྱ་རྒྱུའི་སྐོར་བརྗོད་སོང་བས་དེའི་སྐོར་ཞིབ་ཕྲ་ཞིག་བརྗོད་ན་འགྲིག་གམ། ས་མཐོའི་ཁྱད་ལྡན་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ནག་ཆུར་བསམ་ཕྱོགས་གསར་པ་གང་ཡོད་དམ།

    ལན། འབྲོག་ལས་ནི་ནག་ཆུའི་སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཐོན་ལས་དང་དམངས་འཚོའི་རྨང་གཞི་རེད། ང་ཚོའི་རྩྭ་རའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་37.3%བཟུང་བ་དང་། ཕྱུགས་རིགས་ལག་ཡོད་མགོ་གྲངས་ཀྱིས་ལྗོངས་ཡོངས་ཀྱི་གསུམ་ཆ་གཅིག་བཟུང་བ། 2024ལོར་བཤས་གཏོང་མགོ་གྲངས་ཁྲི་150ལས་བརྒལ་བ། ཤ་དང་འོ་མ་གཉིས་ཀའི་ལོའི་ཐོན་འབབ་ཏུན་ཁྲི་བཅུ་ལས་བརྒལ་བ་དང་། དེ་ནི་ང་ཚོའི“འཚོ་རྟེན”རེད། གོམ་སྟབས་རྗེས་མར་ལེགས་ཆ་སྲ་བརྟན་དུ་གཏོང་བ་མ་ཟད། དེར་གསོན་ཤུགས་གསར་པ་དེ་བས་འཕེལ་བར་བྱེད་ཀྱི་ཡིན། ཐོན་ཚད་དང་སྤུས་ཚད་མཐོ་རུ་བརྟན་པོ་གཏོང་བ་ཕུད། ང་ཚོས“གྲངས་འབོར་ཉུང་བ་དང་། སྤུས་ཚད་ལེགས་པ། མངགས་ཐོ་ཅན”བཅས་ཀྱི་སྟོན་ཕྱོགས་བཙུགས་ཏེ། གཉེར་སྐྱོང་དང་ཕྱིར་ཚོང་བྱེད་སྟངས་གསར་གཏོད་ཧུར་ཐག་བྱེད་ཀྱི་ཡིན།

    དྲི་བ། འབྲོག་ལས་ཕུད། ནུས་རྒྱུ་གཙང་མའི་ཐོན་ལས་ཐད་ཀྱི་ནག་ཆུའི་མི་མངོན་པའི་སྟོབས་ཤུགས་ལའང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེའི་ཐད་ཞིབ་ཕྲའི་བཀོད་སྒྲིག་དང་རྣམ་གྲངས་གང་དག་ཡོད་དམ།

    ལན། ནག་ཆུར་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཆུ་ནུས་གསར་སྤེལ་བྱེད་ཚད་ཆན་ཝ་ཁྲི་308ཙམ་དང་། ཆུ་འཐེན་ནུས་གསོག་ཆན་ཝ་ཁྲི་1530ཙམ། རླུང་ནུས་གསར་སྤེལ་བྱེད་ཚད་ཆན་ཝ་ཁྲི་3724 ཉི་ནུས་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་37.1ཙམ་བཅས་ཟིན་པ་དེ་ནི་རྩ་ཆེའི་རྒྱུ་ནོར་ཞིག་རེད། མིག་སྔར་ང་ཚོས“རྟེན་གཞི་གསུམ་དང་ཡུག་གཅིག་ཁུལ་གཅིག”གི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གང་མགྱོགས་བསྐྲུན་ཏེ་བོད་དབུས་ནས་ཆབ་མདོ་བར་གྱི་ཆན་ཧྥུའུ་500ཡི་བགྲོད་ལམ་གཉིས་པའི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་གློག་ཤུགས་གྲོང་ཁྱེར་དང་ས་ཁུལ་ལས་བརྒལ་བའི་ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བཞིན་ཡོད། དམིགས་ཚད་ཧ་ཅང་གསལ་པོ་རེད། ཐུན་མོང་མ་ཡིན་པའི་ཁྱད་འཕགས་ཐོན་ཁུངས་དེ་དག་དངོས་དངོས་རྗེན་རྗེན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བར་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱ་ཆེད་ནག་ཆུའི་ལེགས་སྐྱེས་འབུལ་གྱི་ཡིན།

    དྲི་བ། ནག་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཇི་ལྟར་བྱས་ཏེ་ཡང་དག་ངང་ཐག་གཅོད་བྱེད་དགོས་སམ།

    ལན། སྐྱེ་ཁམས་ནི་ང་ཚོའི་གཞི་གདན་རེད་ལ། ང་ཚོའི་མཐའ་ཚད་དེ་བས་རེད། ནག་ཆུར“གཙང་པོ་དང་ཆུ་བོའི་ཆུ་འགོ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སོགས་ཀྱི་མཚན་སྙན་ལྡན་པ་དང་། རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། རྒྱལ་སྤྱིའི་འདམ་ར་གལ་ཆེན་སོགས་18ཡོད་པས་སྐྱེ་ཁམས་མ་ལག་ཆ་ཚང་པོ་ཡོད། འདི་གའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་ངེས་པར་དུ་འགན་ཡག་པོ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་རེད། ང་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“གནམ་སྔོན་མོ་དང་། ཆུ་དྭངས་མོ། ས་གཙང་མ”བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས(རྩྭ)དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། མཐོ་གྲང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཤིང་འཛུགས་ཚོད་འདེབས་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ཀྱི་ཞན་ཆ་གང་མགྱོགས་སེལ་བ་བཅས་བྱེད་ཀྱི་ཡོད།

    དྲི་བ། བརྟན་ལྷིང་དང་མཐའ་སྟོབས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ནག་ཆུས་ཤུགས་སྣོན་ཇི་ལྟར་རྒྱག་རྒྱུ་ཡིན་ནམ།

    ལན། ང་ཚོས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་སྟོབས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་བརྩི་སྲུང་ཞུ་བ་དང་། མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་བར་དམིགས་པ། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད། བརྟན་ལྷིང་སྲུང་སྐྱོང་ཐད་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་གཏན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ཐོག་ནས་བརྟན་ལྷིང་ལས་དོན་རྒྱུན་དུ་ནས་སྒྲུབ་པ་དང་གཞི་རིམ་དུ་བསྒྲུབས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཆེད་དོན་བྱ་སྤྱོད་ཁག་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད། ནག་ཆུ་ནི་མཐའ་མཚམས་གྲོང་ཁྱེར་མིན་ཡང་མཐའ་སྟོབས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ནི་དོར་ཐབས་མེད་པ་ཞིག་རེད། ང་ཚོས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ནག་ཆུ་གནམ་ཐང་སོགས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་བ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་བཅས་ལ་བརྟེན་ནས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ནག་ཆུའི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།