དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    2026ལོར་གྲོང་ཁྱེར་ཡོངས་སུ་ཁྱབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-11

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གཞི་རིམ་གྱི་ཞིང་འཕྲུལ་ལྟ་ཞིབ་དོ་དམ་མ་ལག་ཧུར་ཐག་བཏོད་དེ། ཞིང་ལས་ཐོན་སྐྱེད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ལྡན་ངང་བརྟན་དུ་བཏང་ཡོད། 2025ལོའི་ཟླ་8པའི་བར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་234ཐོ་འགོད་བྱས་ནས་འཁོར་རྟགས་བསྒར་བ་དང་། ཁ་ལོ་བའི་ལག་ཁྱེར་236དཔྱད་སྤྲོད་བྱས་པ། སྒྱུར་བཅོས་འགྲོ་གྲོན་སྒོར་ཁྲི་272.05བཏང་བས། ཞིང་འཕྲུལ་བདེ་འཇགས་ཀྱི་ལྟ་འདོམས་མ་ལག་འཛུགས་རྒྱུ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    2023ལོར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་ནས། བོད་ཀྱི་འཁོར་སྐྱོད་ཐུབ་པའི“ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་ཆ་འཕྲིན་ལས་སྟེགས”ཐོག་མར་བཙུགས་པ་དང་འབྲེལ། རྒྱལ་རྩེ་རྫོང་དུ་འདྲུད་འཐེན་འཁོར་ལོའི་འཁོར་རྟགས་དང་ཁ་ལོ་བའི་ལག་ཁྱེར་ཁག་དང་པོ་སྤྲད་པས་སྒྱུར་བཅོས་ཚད་བརྒལ་ཡང་བྱུང་ཡོད། 2024ལོར། ཚོད་ལྟའི་ཁྱབ་ཁོངས་བསམ་གྲུབ་རྩེ་ཆུས་དང་པ་སྣམ་རྫོང་སོགས་རྫོང(ཆུས)དྲུག་ཏུ་རྒྱ་སྐྱེད་བཏང་ཡོད། ཆེད་ལས་ཀྱི་ཞིབ་བཤེར་སྒྲིག་ཆས་དང་། ཡིག་རྒྱུགས་ཡོ་བྱད། སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་བཅས་སྒྲིག་སྦྱོར་བྱས་པ་བརྒྱུད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་འདྲུད་འཐེན་འཁོར་ལོ་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གྱི་ཁ་ལོ་བ་གསོ་སྦྱོང་དང་ཡིག་རྒྱུགས་མེད་པ་ནས་ཡོད་པའི་བར་མངོན་འགྱུར་བྱུང་བ་རེད།

    2025ལོར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་དུས་འགོའི་ཉམས་མྱོང་ཕྱོགས་སྡོམ་གྱི་རྨང་གཞིའི་འོག《གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་ཀའི་ཇུས་གཞི(2025ལོ་དང་2026ལོ)》བཀྲམ་པ་དང་འབྲེལ། ཟླ་བ་8པའི་ཚེས་20ཉིན་གྲོང་ཁྱེར་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། སྒྱུར་བཅོས་ཁྱབ་ཁོངས་རྫོང(ཆུས)ཚང་མར་རྒྱ་སྐྱེད་གཏོང་རྒྱུ་རེད། གྲོང་ཁྱེར་ཞིང་འཕྲུལ་ས་ཚིགས་ཀྱིས་གཞི་རིམ་དུ་ཞབས་འདེགས་ཞུ་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ལས་དོན་པ་སྒྲིག་འཛུགས་ཀྱིས་བསམ་གྲུབ་རྩེ་དང་ས་སྐྱ་སོགས་རྫོང(ཆུས)དུ་སྒོ་རྩར་ཐོ་འགོད་དང་། ལོ་བཤེར། དེ་བཞིན་བདེ་འཇགས་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ནས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)10ཡི་ཞིང་འཕྲུལ་ལྟ་ཞིབ་དོ་དམ་གྱི་སྒྱུར་བཅོས་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། 2026ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་རྒྱུ་དང་། བརྒྱུད་རིམ་ཅན་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ་བརྒྱུད་ཞིང་འཕྲུལ་བདེ་འཇགས་ཀྱི་ལྟ་འདོམས་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས། ས་མཐོའི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།