དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འགག་སྒོའི་དཔལ་འབྱོར་ལ་བརྟེན་ནས“སྐྱིད་གྲོང་གི་གཅེས་ནོར་ལྔ”འགྲེམས་སྟོན་བྱས་པ།

    སྐྱིད་གྲོང་རྫོང་ཚེ་ཁུང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཞབས་ཞུའི་ཚོང་འདུས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-11

    2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས་འཚོག་ཡུལ་དུ་བརྗོད་དོན་གཙོ་བོའི་འགྲེམས་ཁང་ཁག་གི་ཁྱད་ཆོས་མངོན་གསལ་དོད་པ་དང་མི་ཚོགས་ཀྱིས་ཁེངས། “ཚོང་དོན་ཞབས་ཞུའི་གྲོང་གསེབ་དར་རྒྱས”ཆེད་དོན་འགྲེམས་ཁང་གི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འགྲེམས་སྟེཌ་མདུན་དུ་མི་ཚོཌ་ཀྱིས་ཁེངས་ཡོད་ལ། “སྐྱིད་གྲོང་གི་གཅེས་ནོར་ལྔ”སྟེ། སྡོང་ཕུང་དང་། གཡེར་མ། ཀོ་ཤ། ཨ་བི་ཁ། རི་ཙོང་བཅས་དང་དེ་བཞིན་སྐྱིད་གྲོང་གི་སུར་པན་དང་སྐྱིད་གྲོང་གི་ནས་ནག་རྩམ་པ་ཉོ་མཁན་ཤིན་ཏུ་མང་། དུས་ཐུང་ཉིན་ཁ་ཤས་ནང་། ཁྱད་ལྡན་ཞིང་ཟོག་དེ་དག་ཚང་མ་བྲིན་ནས་གཅིག་ཀྱང་ལྷག་མེད་པ་དང་། ཞབས་ཞུའི་ཚོང་འདུས་ཀྱི་གར་སྟེགས་སུ་གྲོང་གསེབ་དར་རྒྱས་ཀྱི་ཞིང་འབྲོག་ཐོན་ཟོག་གི་འབྲས་བཟང་ཞིག་བཏོད་ཡོད། དེ་དག་ཚང་མ་སྐྱིད་གྲོང་རྫོང་ཚེ་ཁུང་ཞིང་འབྲོག་ཐོན་ཟོག་ཆེད་ལས་མཉམ་ལས་ཁང་གིས་ལོ་མང་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད།

    “ང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྤང་གཞོང་གྲོང་ཚོ་ནས་ཡོང་བ་ཡིན། ཕ་ཡུལ་གྱི་ས་ཆ་དང་ཡུལ་མི་ཚོ་ནི་སྔར་ནས་བཟུང་ངའི་སེམས་ཁྲལ་བྱེད་ས་ཡིན”ཞེས་ཚེ་ཁུང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་བསྟན་འཛིན་གྲགས་པས་བཤད། 2018ལོར་པེ་ཅིང་བཟོ་ལས་སློབ་ཆེན་ནས་ཐོན་རྗེས། ཁོང་གིས་ཨ་ལི་པ་པ་ཀུང་སི་རུ་ལས་ཀ་ལོ་ཤས་བྱས། ཕྱིས་སུ་ཕ་ཡུལ་དུ་ལོག་ནས་བྱ་གཞག་འཕེལ་རྒྱས་གཏོང་བའི་འདུན་པ་དྲག་པོ་སྐྱེས་ཏེ། 2021ལོའི་ཟླ་5པར་ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཕ་ཡུལ་དུ་ལོག་ནས་སྐྱིད་གྲོང་རྫོང་ཚེ་ཁུང་ཞིང་ལས་ཐོན་རྫས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུཌ་པ་དང་འབྲེལ། ལས་འཛིན་དཔོན་གྱི་འགན་ཁུར་ཏེ་ཐོན་ལས་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལས་གཏོད་ཀྱི་ལམ་བུར་བསྐྱོད།

    2021ལོར་མཉམ་ལས་ཁང་བཙུགས་པ་ནས་བཟུང་། སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། མཉམ་ལས་ཁང་གིས་སྔ་རྗེས་སུ་སུར་པན་དང་ཇ་ལོའི་ཐོག་མའི་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་དང་སྤོས་བཟོ་གྲྭ་བཙུགས་ནས་སུར་པན་དང་། སྐྱིད་གྲོང་ཇ་ལོ། སྤོས། ཀོ་ཤ་བཅས་ལྟེ་བར་བྱས་པའི་ཐོན་རྫས་མ་ལག་རིམ་བཞིན་བཏོད།

    “ཇོ་རིའི་རྒྱབ་ཕྱོགས་ཀྱི་མེ་ཏོག་ལྡུམ་ར”རུ་གྲཌ་པའི་སྐྱིད་གྲོང་ནི་ལོ་རྒྱུས་སུ་ཚོང་འགྲུལ་གྱི་འགག་སྒོ་ཞིག་ཡིན་པ་དང་། ད་ཆ་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི“ཟམ་སྣེའི་བཙན་རྫོང”ཞིག་ཏུ་གྱུར་ཡོད། 2024ལོར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་42.48ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། 2025ལོའི་དུས་ཚིགས་དང་པོའི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་སྒོར་དུང་ཕྱུར་10ལས་བརྒལ་ཡོད། འགག་སྒོའི་དཔལ་འབྱོར་དར་རྒྱས་ཕྱིན་པ་དེས་མཉམ་ལས་ཁང་ལ་ཟོག་འགྲེམས་སྟབས་བདེ་དང་ཁྲོམ་རའི་གོ་སྐབས་བསྐྲུན་པ་མ་ཟད། བསྟན་འཛིན་གྲགས་པའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བའི་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ཡོད།

    “‘སྐྱིད་གྲོང་གི་གཅེས་ནོར་ལྔ’མི་དེ་བས་མང་བས་ཤེས་རྟོགས་ཐུབ་པ་དང་ཁས་ལེན་ཐོབ་པ་ནི་ངའི་གཟི་བརྗིད་ཡིན”ཞེས་བསྟན་འཛིན་གྲགས་པས་བཤད་པ་དང་། འགྲུལ་རྒྱུན་ཆད་རྒྱུ་མེད་པའི་འགྲེམས་སྟེགས་མདུན་དུ་བསྟན་འཛིན་གྲགས་པའི་མིག་ཟུང་ལ་གདེང་ཚོད་ཀྱིས་ཁེངས། ཁོང་གིས“སྔོན་ཆད་ཕ་ཡུལ་གྱི་ཐོན་རྫས་ཡག་པོ་རི་གྲོང་དུ་ཡོད་པ་ཤེས་མཁན་ཉུང་ཉུང་རེད། ད་ཆ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འགག་སྒོའི་གོ་སྐབས་ཡོད་པས་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་དེ་བས་བརྟན་པོ་ཡོང་ངེས་རེད”ཅེས་བཤད། སྒོར་ཁྲི་7ལྷག་ཙམ་གྱི་བྲིན་ཚོང་དངུལ་ནི་མཉམ་ལས་ཁང་ལ་མཚོན་ན་དཔལ་འབྱོར་གྱི་མ་གནས་ལོག་པ་ཞིག་རེད་ལ། སྐྱིད་གྲོང་གི་ཁྱད་ལྡན་ཐོན་ལས་དེ་བས་རྒྱ་ཆེ་བའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་ཞིག་ཀྱང་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།