དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུར་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་39.4ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-11

    ཉེ་ཆར། མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་དང“མངའ་རིས་ནས་འཛམ་གླིང་ལ་ལྟ་བ་དང་ཁེ་ལས་པ་བརྒྱ་མངའ་རིས་སུ་སྐྱོད་པའི”ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་མངའ་རིས་ས་ཁུལ་སྒར་རྫོང་དུ་འཚོགས་ཤིང་། བྱེད་སྒོར་རྒྱལ་ཡོངས་ཀྱི་སྲིད་འཛིན་དང་ཁེ་ལས་ཀྱི་འཐུས་མི་300ལྷག་ཙམ་ཞུགས་པ་དང་། ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་39.4ཟིན་པ་དེ་རྣམ་གྲངས་21ལ་ཁྱབ་ཡོད་པ་དང་ས་གནས་དེ་གའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཧུར་ཐག་བསྒྲུབས་ཏེ། ཁྱད་ལྡན་འོས་སྦྱོར་བྱེད་སྒོ་རང་བདག་གིས་སྤེལ་བ་ཕུད། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ད་དུང“གཉིས་འགུགས་གཉིས་འདྲེན”དང་། ལང་ཧྥང་ངོ་འཕྲད་གྲོས་མོལ་ཚོགས་འདུ། ཅིང་ཅིན་ཅིའི་མ་འཇོག་འོས་སྦྱོར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། “ཐོན་ལས་ཆེན་པོ་དགུའི”གཙོ་གཉེར་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ལེགས་ཆ་ལྡན་པའི་ཐོན་ལས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཡན་ལག་རུ་ཁག་ཆུང་ངུའི་ཚོང་འགུགས་མ་འདྲེན་ཡང་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། 2024ལོར་མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་བསྡོམས་40ལག་བསྟར་བྱས་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་203.38ཟིན་པ་དང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་25.73དམིགས་སར་འབྱོར་ནས་ལོ་འཁོར་གྱི་དམིགས་ཚད་འོས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་པ་དང་ལེགས་སྒྲུབ་བྱེད་ཚད་151.38%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།