དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་སྡེ་ཚན་གྱིས་གུང་གསེང་རྗེས་ཀྱི་འགྲུལ་པ་ཕྱིར་ལོག་བྱེད་མང་ཤོས་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-10-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་10ཚེས་8ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་འགྲུལ་པ་ཕྱིར་ལོག་བྱེད་མང་ཤོས་ཀྱི་དུས་སུ་སླེབས་ཤིང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་2175སྐྱེལ་འདྲེན་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་2189མང་དུ་གཏོང་རྩིས་ཡོད་པ་རེད། ཟླ་10ཚེས་7ཉིན། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་མི་ཐེངས་ཁྲི་1933.2སྐྱེལ་འདྲེན་བྱས་པས་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་བྱུང་ཡོད་པ་རེད།

    ལྕགས་ལམ་གྱི་12306ལས་སྟེགས་ནས་སྤ་སེ་སྔོན་འཚོང་བྱས་པའི་གནས་ཚུལ་ལ་བལྟས་ན། ཚེས་8ཉིན་གྲོང་ཁྱེར་ནས་འགྲུལ་པ་ཐོན་མང་ཤོས་ནི་པེ་ཅིང་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲང་ཧའེ། ཝུའུ་ཧན། ཤིས་ཨན། ཀྲེང་ཀྲོའུ། ཁྲུང་ཆིང་། ཧང་ཀྲོའུ། ཁྲང་ཧྲ་བཅས་ཡིན་པ་དང་། འགྲུལ་པ་འབྱོར་མང་ཤོས་ཀྱི་གྲོང་ཁྱེར་གཙོ་བོ་ནི་པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཧྲེང་ཀྲེན། ཝུའུ་ཧན། ཧང་ཀྲོའུ། ཤིས་ཨན། ཀྲེང་ཀྲོའུ། ནན་ཅིང་བཅས་ཡིན་པ། པེ་ཅིང་ནས་ཧྲང་ཧའེ་དང་། ནན་ཉིང་ནས་ཀོང་ཀྲོའུ། ཧྲེན་དབྱང་ནས་པེ་ཅིང་། ཝུའུ་ཧན་ནས་ཧྲང་ཧའེ། ཁྲེང་ཏུའུ་ནས་ཤིས་ཨན། ཧྲང་ཧའེ་ནས་པེ་ཅིང་། ཤིས་ཨན་ནས་ཁྲེང་ཏུའུ། ཐའེ་ཡོན་ནས་པེ་ཅིང་། ཝུའུ་ཧན་ནས་ཧྲེན་ཀྲེན། ཧུའུ་ཧོ་ཧའོ་ཐེ་ནས་པེ་ཅིང་སོགས་འཁྲུག་ཆ་དོད་པའི་ས་ཁུལ་དུ་འགྲུལ་རྒྱུན་བལྟོས་བཅས་ཀྱིས་གཅིག་སྡུད་ཡོད་པ་རེད།

    ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་ཕྱིར་ལོག་བྱེད་མང་ཤོས་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་སྟེ་འགྲོ་མང་སའི་ས་ཕྱོགས་དང་དུས་མཚམས་ལ་དུས་ཐོག་ཏུ་མེ་འཁོར་མང་དུ་བཏང་བ་དང་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་ཧུར་ཐག་སྐོང་ཐུབ་པར་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་པེ་ཅིང་ཅུས་ཀྱིས་ཧྲང་ཧའེ་དང་། ཧར་པིན། ཧྲེན་དབྱང་སོགས་ཀྱི་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར་320མང་དུ་བཏང་བ་དང་། འགྲུལ་རྒྱུན་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས་པེ་ཅིང་བབས་ཚུགས་དང་པེ་ཅིང་ཁྲའོ་དབྱང་བབས་ཚུགས་སོགས་བབས་ཚུགས་དང་གྲོང་ཁྱེར་དོ་དམ་འགྲིམ་འགྲུལ་སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲུལ་པ་སྐྱེལ་འདྲེན་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཀྲེང་ཀྲོའུ་བབས་ཚུགས་ཤར་མས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས་སྤ་སེ་འཚོང་ས་དང་ཞབས་ཞུའི་ལས་སྟེགས་སོགས་གཙོ་གནད་ས་ཆར་འགྲུལ་པར་ཁྲིད་སྟོན་དང་། འགྲུལ་པར་རྡོག་ཁྲེས་ཆེ་གྲས་དབོར་རོགས། འགྲུལ་པ་གཙོ་བོ་བབས་ཚུགས་སུ་འཛུལ་ནས་མེ་འཁོར་ལ་སྡོད་པར་ཁྲིད་སྟོན་བཅས་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཁྲེང་ཏུའུ་བབས་ཚུགས་ཤར་མ་དང་ཝན་ཀྲོའུ་བབས་ཚུགས་བྱང་མ་སོགས་འགྲུལ་རྒྱུན་མང་བའི་བབས་ཚུགས་ཀྱིས་སྐྱེལ་འདྲེན་བྱེད་མང་ཤོས་རིང་ཆུ་ཚོད་24བབས་ཚུགས་སྒོ་ཕྱེ་ནས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་ཧུར་ཐག་གིས“གཅིག་གཏད་གཅིག”གི་རོགས་སྐྱོར་ཞབས་ཞུ་བསྒྲུབས་ཏེ་འགྲུལ་པ་ཕྱིར་སྐྱོད་ལ་སྟབས་བདེ་སྐྲུན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།