“ཉིན་ལྟར་རི་མོར་ལྟ་བ”ཞེས་པའི་མཉམ་འདྲེས་སྨྱན་སྦྱོར་ལེ་ཚན་བཏོན་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་རིག་རྩལ་དྲིལ་བསྒྲགས་མཉམ་འདྲེས་སྨྱན་སྦྱོར་གྱི་སྤུས་རྟགས་ལེ་ཚན“ཉིན་ལྟར་རི་མོར་ལྟ་བ”ཞེས་པ་ཚེས་6ཉིན་དངོས་སུ་བཏོན་ཡོད།
“ཉིན་ལྟར་རི་མོར་ལྟ་བ”ཞེས་པའི་ལེ་ཚན་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་རིག་རྩལ་དྲིལ་བསྒྲགས་གཏོང་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱིས་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལེ་ཚན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་ཚད་ལྡན་གྱི་རི་མོའི་བརྩམས་ཆོས་མཚམས་སྦྱོར་དུ་བྱས་ནས་རྒྱ་ཆེའི་ལྟ་ཉན་མཁན་དང་ལྷག་པར་དུ་ན་གཞོན་ཚོགས་སྤྱིར་ཕྱོགས་ཏེ“AI+མཛེས་རིས”མཉམ་འདྲེས་གསར་གཏོད་བྱེད་སྟངས་བརྒྱུད། མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་རབ་དང་རིམ་པ་ཇུས་འགོད་བྱས་ནས་བཏོན་པ་དང་། དེའི་དམིགས་ཡུལ་ནི་ལྟ་ཉན་མཁན་གྱིས་མཛེས་དཔྱད་ཉམས་ལེན་ཁྲོད་སྒྱུ་རྩལ་གྱི་རྩ་ཆེའི་ཡིད་དབང་འཕྲོག་ཤུགས་ཤེས་ཚོར་ཐུབ་པར་ཁྲིད་སྟོན་བྱ་ཆེད་རེད།
འབྲེལ་ཡོད་གསར་འགྱུར།