དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ས་མཐོའི་མིང་བྱང་མངོན་གསལ་དོད་དུ་བཏང་ནས་མ་འཇོག་གི་ཞིང་ས་བཏོད་པ།

    —— ཕྱོགས་ཁག་གི་མི་སྣས་བོད་ཀྱི་སྒོ་དབྱེའི་གོ་སྐབས་གསར་པ་མཉམ་དུ་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཅང་མོང་ཁྲེན། ཙུའོ་ཏུའོ་ཝེ།   |     སྤེལ་དུས།  2025-10-10

    ཉེ་ཆར། ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་མཁན་ཞིང་ཆེན་དང་གྲོང་ཁྱེར་15ནས་ཡོང་བའི་ས་གནས་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱི་འགན་འཁུར་བ་དང་། འཛམ་གླིང་གི་ཁེ་ལས་རབ་གྲས་500ཚུད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་65ཡི་མཐོ་རིམ་དོ་དམ་པ་170ལྷག་ཙམ་གྱིས་ཚོགས་པ་དང་མཉམ་དུ་ཀྲུང་གོ་དང་ཕྱི་རྒྱལ་ཁེ་ལས་ཀྱི“བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོར་ཞུགས་པ་རེད། ཚང་མ་གངས་ལྗོངས་ས་མཐོར་མཉམ་དུ་འཛོམས་ནས་སྒོ་དབྱེའི་གོ་སྐབས་མཉམ་གླེང་དང་འཕེལ་རྒྱས་ཀྱི་འཆར་འགོད་མཉམ་འགོད་བྱས་པ་རེད།

    ཆུ་ནུས་ཐོན་ཁུངས་ཀྱི་གསོག་ཚད་ཆན་ཝ་དུང་ཕྱུར་2ལྷག་ཙམ་ཟིན་པ་དང་། ཉི་ནུས་ཀྱི་སྤྱིའི་འཕྲོ་ཚད་ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་ལྡབ་2ཙམ་ཟིན་པ། རྒྱལ་ཡོངས་ཀྱི་དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་ཐོན་ཁུངས་80%ཡོད་པ་སོགས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ཐུན་མིན་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲུལ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་ཐོན་ལས་ཆེན་པོ་དགུ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གསོན་ཤུགས་ཀྱི་ཁེངས་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་མ་ལག་ཧུར་ཐག་གཏོད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    ཅ་ཅི་མ་འཇོག(ཀྲུང་གོ)ཚད་ཡོད་ཀུང་སི་ཀྲུང་ཧྭ་ཆེན་པོའི་ཁུལ་གྱི་ཙུང་ཚའེ་གཞོན་པ་ལིའུ་ཁྲང་གིས་བོད་ཀྱི་འབྲོག་ལས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བ་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ་སོགས་བརྒྱུད། ཞིང་ལས་དང་བཟའ་བཅའི་མ་ལག་ནང་ཀུང་སིའི་སྔོན་ཐོན་ལག་རྩལ་དང་གསར་གཏོད་ཐོན་རྫས་དེ་བོད་ཀྱི་རང་ངོས་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་བར་སྟོང་དེ་བས་མང་བ་འཚོལ་ཞིབ་བྱས་ཏེ། བོད་ཀྱི་གྲོང་གསེབ་དར་རྒྱས་དང་འབྱུང་འཕྲོད་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

    བོད་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཁྲོམ་རའི་འཇུག་འཐུས་དང་མ་འཇོག་ཞིབ་མཆན་སོགས་ཐད་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ་སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་དང་སྲིད་འཛིན་ནུས་ཕྱོད་མཐོ་རུ་གཏོང་རྒྱུ་རེད།

    པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་མིང་ཀྲི་ཡིས་ཁ་གཏད་རོགས་སྐྱོར་ལྷ་ས་གྲོང་ཁྱེར་དུ་པེ་ཅིང་གིས་ཚན་རྩལ་དང་ཤེས་ལྡན་པ་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ཏེ་ཝང་ཕུའུ་ཅིང་བརྒྱ་ཟོག་ཚོང་ཁང་དང་ཐུང་རེན་ཐང་སོགས་ཁེ་ལས་དང་ཚོང་ཁང་ལྷ་སར་བཅའ་བཞུགས་བྱ་རྒྱུའི་མཐུན་སྦྱོར་བྱས་ནས་ལྷ་སར“ཚོང་ཁང་དང་པོའི་དཔལ་འབྱོར”འཕེལ་རྒྱས་གཏོང་རོགས་བྱས་ཡོད་ཅེས་བཤད།

    བོད་ལ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཞིང་། ཏི་ཁ་ནུང་ཀྲུང་གོའི་ཙུང་ཚའེ་གཞོན་པ་དབྱང་མུའུ་ལིན་གྱིས་ཁེ་ལས་ཀྱིས་ལས་སྒོའི་བཀོད་པ་རྒྱ་ཆེར་བཏང་ནས་དྲ་ཐོག་གི་ལས་སྒོའི་ལེགས་ཆ་འདོན་རྒྱུ་མ་ཟད། ད་དུང་ལྷ་སར་དངོས་ཚན་ལས་སྒོ་བཀོད་སྒྲིག་གི་གོ་སྐབས་གསར་པ་འཚོལ་ཞིབ་བྱ་རྒྱུ་དང་། དེ་བཞིན་ལུས་རྩལ་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁུལ་གནས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་རི་འཛེགས་དང་རྐང་འཁོར་བཞོན་པ་སོགས་ཀྱི་ལུས་རྩལ་སྒྲིག་ཆས་ཀྱི་ཐོན་རྫས་ལས་རིམ་གཙོ་གནད་ཐོག་གཏོད་རྒྱུ་རེད་ཅེས་བཤད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས“བོད་ཀྱིས་ཐུན་མིན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྒོ་དབྱེའི་རྣམ་པར་བརྟེན་ནས་འཛམ་གླིང་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད” གོམ་སྟབས་རྗེས་མར་ཀྲུང་གོ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་ཚོང་དོན་སྐུལ་སྤེལ་མ་ལག་གི་ལེགས་ཆ་དེ་བོད་ཀྱི་ཁུལ་གནས་ཁྱད་ཆོས་དང་། ཐོན་ཁུངས་ལེགས་ཆ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་དང་ཟུང་འབྲེལ་བྱས་ནས་བོད་ཀྱིས་ཁྱད་ལྡན་ཐོན་ལས་བཏོད་དེ་ཕྱོགས་ཁག་དང་མཉམ་དུ་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།