དུས་ཆེན་རིང་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་འགན་སྲུང་བྱས་པ།
རྒྱལ་སྟོན་རིང་འཛུགས་སྐྲུན་པ་5000ལྷག་ཙམ་གྱིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་ཨར་སྐྲུན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས།
རྒྱལ་སྟོན་རིང་སྔོན་དཔག་བྱས་ན་སི་ཁྲོན་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་5000ལྷག་ཙམ་སླེབས་པ།
སྟོན་ཟླ་བཅུ་པའི་ཁྲོན་ནུབ་ས་མཐོའི་གྲོག་རོང་དུ་སྟོན་རླུང་བསིལ་བསིལ་ལྡང་ནས་གྲང་ངར་རྒྱས། རྒྱལ་སྟོན་རིང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་གི་གཏིང་ཚད་སྨི་600ཟིན་པའི་གྲོག་རོང་ཞིག་གི་བར་དུ་གློག་ཤུགས་བཟོ་པ་ཁ་ཤས་ཀྱིས་གློག་སྐུད་བརྒྱུད་གཟབ་གཟབ་གསིག་གསིག་ངང་འགུལ་སྐྱོད་བྱེད་ཅིང་། ཁོང་ཚོས་རྔ་པ་ནས་ཁྲེང་ཏུའུ་བར་གྱི་ཤར་རྒྱུད་ཀྱི་ཆན་ཧྥུའུ་1000ཟིན་པའི་ཆེས་མཐོ་གནོན་སྤེལ་རྒྱུག་གློག་སྐྱེལ་ལས་གྲྭའི་ཁྲོན་ནུབ་དུམ་བུའི་རེས་སྐོར་དང་པོའི་གློག་སྐུད་གློད་པའི་ལས་འགན་ལེགས་སྒྲུབ་བྱེད་བཞིན་ཡོད།
རྒྱལ་ཁབ་གློག་དྲ་སི་ཁྲོན་འཛུགས་སྐྲུན་ཀུང་སིའི་ལས་གྲྭའི་ཁྲོན་ནུབ་དུམ་བུའི་དོ་བདག་རྣམ་གྲངས་ལག་བསྟར་ཅིང་ལི་གཞོན་པ་ཝང་ཝེས“གྲོག་རོང་དུ་ལས་དོན་སྤེལ་རྒྱུ་ནི་ལས་གྲྭའི་འགག་རྩ་ཞིག་ཡིན་པ་དང་ལྷགས་པ་ལྡང་བ་དང་སྨུག་སྤྲིན་ཡང་ཡང་འཁྲིགས་ནས་འགྲན་སློང་ཆེན་པོ་འཕྲད་ཀྱི་ཡོད”ཅེས་བཤད་པ་དང་། ད་ཐེངས་རྒྱལ་སྟོན་རིང་འཛུགས་སྐྲུན་པ་5000ལྷག་ཙམ་གྱིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་ཨར་སྐྲུན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས།
ལི་རྫོང་གི་ས་བབ་སྨི་3970ཡོད་པའི་སཱ་ལ་ལིང་རི་རྩེའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཙམ་དུ་ཆག་པ་དང་། མཐོ་ལྕོག་སྟེང་ཨར་ལས་པས་གཅུས་གཟེར་དམ་པོར་སྒྲིམ་བཞིན་ཡོད། མི་མེད་གནམ་གྲུས་གྲོག་རོང་བརྒྱུད་གློག་སྐུད་འཐེན་པ་དེ་ནི་ལས་གྲྭ་དེས་ཁ་གྱེས་གློག་སྐུད་ཁྲིད་པའི་ལག་རྩལ་སྤྱོད་ཐེངས་དང་པོ་དེ་རེད། ཝང་ཝེས“ས་བབ་མཐོ་པོར་ལས་ཀ་བྱེད་སྐབས་ནོར་འཛོལ་གཏན་ནས་ཐོན་མི་རུང་བས་ཡིན་གཅིག་ཞིབ་ཧ་ཅང་ཚགས་པོ་བྱེད་དགོས”ཞེས་བཤད།
ལས་གྲྭ་དེ་རྔ་པ་དང་ཁྲེང་ཏུའི་ཆན་ཧྥུའུ་1000ཟིན་པའི་གློག་སྒྱུར་ས་ཚིགས་གཉིས་དང་འབྲེལ་མཐུད་བྱས་པ་དང་། རྔ་པ་དང་། མན་དབྱང་། ཏེ་དབྱང་། ཙི་དབྱང་བཅས་གྲོང་ཁྱེར(ཀྲོའུ)4དང་འབྲེལ་ནས་2026ལོའི་ལོ་མཇུག་ཏུ་འཁོར་རྒྱུག་བྱ་རྩིས་ཡོད་པ་རེད། སྐབས་དེར་ཁྲོན་ནུབ་ཀྱི་ནུས་རྒྱུ་གཙང་མའི་གློག་ནུས་དེ་ཁྲེང་ཏུའི་མཐའ་འཁོར་གྱི་གྲོང་ཁྱེར་དག་ལ་བརྟན་པོ་བསྐྱལ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་རྒྱུད་དང“ནུབ་གློག་ཤར་སྐྱེལ”ལ་འདེགས་སྐྱོར་གལ་ཆེན་བྱ་རྒྱུ་རེད།
ས་མཐོའི་ལྟེ་བའི་ཁུལ་གཞན་ཞིག་ཏུ་རྒྱལ་སྟོན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གློག་ཤུགས་མི་སྣས་གོང་དང་འདྲ་བར་དུས་ཚོད་དམ་འཛིན་བྱས་ཤིང་། དཀར་མཛེས་ཀྱི་ཆན་ཧྥུའུ་1000ཟིན་པའི་ཆེས་མཐོ་གནོན་སྤེལ་རྒྱུག་གློག་སྒྱུར་ས་ཚིགས་སུ་རྒྱལ་སྟོན་རིང་མི་མེད་གནམ་གྲུ་ཉིན་ལྟར་དུས་བཀག་བཞིན་འཕུར་ནས་ཆུ་ཚོད་ཕྱེད་ཀའི་ནང་གློག་གནོན་གློག་ཆས་གཙོ་བོ་ཤར་འབེབས་ཐུབ་ཀྱི་ཡོད། ལྡིར་སོ་སྤྲོས་ཆས་ཀྱི་བརྙལ་ཡོལ་སྟེང་ཆེས་གསལ་པར་རིས་དང་འཁོར་རྒྱུག་གྲངས་གཞི་དུས་ཐོག་ཏུ་སྟོན་ནས་དམར་ཕྱི་དང་མཐོང་རུང་འོད་ཀྱི་དབྱེ་ཞིབ་ཟུང་དུ་འབྲེལ་ཏེ་སྒྲིག་ཆས་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་ཀྱི་ཡོད།
བཀོལ་སྤྱོད་བདག་སྐྱོང་པ་སུང་ཐིང་ཝེས“སྔོན་ཆད་སྐོར་ཞིབ་ཐེངས་གཅིག་བྱེད་པར་མི་6གིས་ཆུ་ཚོད་10འགོར་གྱི་ཡོད། ད་ཆ་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།
ས་ཚིགས་དེ་ནི་སི་ཁྲོན་དང་ཁྲུང་ཆིང་གི་ཆེས་མཐོ་གནོན་ལས་གྲྭའི་གློག་སྐྱེལ་ས་ཚིགས་ཤིག་ཡིན་ཞིང་། མིག་སྔའི་བར་རིམ་རྩིས་བརྒྱབ་ན་ཕྱི་ཕྱོགས་སུ་གློག་སྐྱེལ་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་136ཟིན་ཡོད། གློག་འགན་སྲུང་པ་50ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་བྱས་ཏེ་གྲངས་འཛིན་ལས་སྟེགས་དང་AIཉེན་བརྡའི་བརྩི་ཐབས་ལ་བརྟེན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་གློག་ཤུགས་བདེ་འཇགས་འགན་ལེན་ཐུབ་ཡོད།
རྒྱལ་སྟོན་རིང་སྔོན་དཔག་བྱས་ན་སི་ཁྲོན་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་5000ལྷག་ཙམ་སླེབས་ཤིང་། མན་དབྱང་པེ་ཁྲོན་གྱི་དོམ་ཁྲའི་སྲོག་ཆགས་གླིང་དུ་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་གིས་གློག་བགོས་སྒམ་དང་འཕྲལ་སྡོམ་གློག་ཁུངས་ལ་ཞིབ་བཤེར་བྱེད་པ་དང་། ལེ་ཧྲན་བྱམས་ཆེན་མཛེས་ལྗོངས་ཁུལ་དུ་གློག་འདོན་པས་རྟེན་རྫས་བཤམས་མཛོད་ཁང་གི་གློག་གཏོང་ཡུག་ཁུལ་གྱི་དྲོད་ཚད་འཇལ་ནས་གསར་དུ་སྤྱོད་པའི་ལྟ་སྐོར་ཡུལ་སྐོར་གྲུ་གཟིངས་ཀྱི་ལམ་ཐིག་ཏུ་གློག་འགོག་ཚོད་ལྟ་བྱེད་ཀྱི་ཡོད། མཛེས་ལྗོངས་ཁུལ་གྱི་ལས་དོན་པ་ལི་ཏུང་གིས“གློག་འདོན་ཀུང་སིས་སྔ་བསྣུར་ནས་ངེད་ཚོར་འཕྲལ་སྡོམ་གློག་ཁུངས་ཀྱི་ཚོད་ལྟ་བྱེད་རོགས་བྱས་ཏེ་དེ་བས་བློ་བདེ་པོ་ཡོང་ཐབས་བྱས་ཡོད”ཅེས་བཤད།
གྲོག་རོང་གི་མཐོ་ལྕོག་ནས་སྤྲིན་ཚོམ་གློག་ཁང་དང་ས་མཐོའི་ལས་ཡུལ་ནས་ཡུལ་སྐོར་བ་མང་བའི་མཛེས་ལྗོངས་ཁུལ་བར་དུས་ཆེན་རིང་སི་ཁྲོན་གྱི་གང་སར་གློག་ཤུགས་མི་སྣའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཁོང་ཚོས་ལས་གནས་མི་འདྲ་བར་རྔུལ་ཆུ་འདོན་བཞིན་ལས་གནས་བརྟན་སྲུང་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་འགན་ལེན་བྱས་ནས་དུས་ཆེན་སྤྲོ་པོ་ཡོང་བར་འགན་ལེན་བརྟན་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།