མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཨུར་ཆེན་གྲོང་ཚོས།
ཡུལ་མི་སྒྲིག་འཛུགས་ཀྱིས་འབྲོག་ཟོག་གཅིག་སྡུད་དུ་བཙོངས་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།
ཉེ་ཆར། སྒེར་རྩེ་རྫོང་མ་མིག་ཤང་ཨུར་ཆེན་གྲོང་ཚོས་ཡུལ་མི་སྒྲིག་འཛུགས་བྱས་ནས་ཁུ་ལུ་དང་། བལ། རྩིད་པ། ར་སྤུ་སོགས་འབྲོག་ལས་ཐོན་རྫས་གཅིག་སྡུད་ཐོག་བཙོངས་ཏེ། ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཅིག་སྡུད་ཕྱིར་ཚོང་བྱེད་ཚད་བསྡོམས་འབོར་སྒོར་ཁྲི་27.88ཟིན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་68ལ་ཕན་པ་ཐོབ་ཡོད་པ་རེད། བཙོངས་པའི་འབྲོག་ཟོག་གི་གྲས་སུ་ཁུ་ལུ་རྒྱ་མ་1900.5ཡོད་པར་མི་དམངས་ཤོག་སྒོར་256567.5ཟིན་པ་དང་། བལ་རྒྱ་མ་4512.5ཡོད་པར་མི་དམངས་ཤོག་སྒོར་12635.2ཟིན་པ། རྩིད་པ་རྒྱ་མ་471.1ཡོད་པར་མི་དམངས་ཤོག་སྒོར་9422ཟིན་པ། ར་སྤུ་རྒྱ་མ་185ཡོད་པར་མི་དམངས་ཤོག་སྒོར་185ཟིན་པ་བཅས་རེད།
དེ་གོང་། ཨུར་ཆེན་གྲོང་ཚོའི་ཡུལ་མིའི་ཕྱུཌ་རིགས་ཀྱི་རྩིད་པ་སོགས་མང་ཆེ་བ་སོ་སོས་ཚོང་དགོས་ཀྱི་ཡོད་པས། རིན་གོང་འགྲིག་ཚད་ཞན་པ་དང་། ཉོ་ཚོང་ཐབས་ལམ་ཐར་ཐོར། བར་རྒྱུད་ཟད་གྲོན་ཆེ་བ་སོགས་ཀྱི་གནད་དོན་ཡོད་པས་ཕྱུགས་རིགས་ཀྱི་རྩིད་པ་སོགས་ལ་རིན་གོང་བློ་ཡིད་ཚིམ་པ་ཞིག་རག་ཁག་པོ་ཡོད། དཀའ་གནད་དེ་སེལ་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཁྲོམ་རའི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས། ཡིད་རྟོན་རུང་བའི་ཚོང་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་མཉམ་ལས་འབྲེལ་བ་བརྟན་པོ་བཙུགས་ནས་བར་རྒྱུད་རིན་ཁྱད་ཆུང་དུ་གང་ཐུབ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་ཡུལ་མི་སྒྲིག་འཛུགས་བྱས་ནས་ཕྱུགས་རིགས་ཀྱི་སྤུ་རིགས་དབྱེ་གསེད་དང་གཙང་མ་བཟོས་ཏེ་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་རིན་གོང་འགྲིག་ཚད་ཆེ་རུ་གཏོང་རྒྱུར་རྨང་གཞི་བཏིང་བ་རེད།
འབྲེལ་ཡོད་གསར་འགྱུར།