2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཕེང་གིས་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས(གཤམ་དུ་གླེང་སྟེགས་ཞེས་བསྡུ་རྒྱུ)སྒྲིག་འཛུགས་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་གླེང་སྟེགས་ཀྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་ཚོགས་ཞུགས་བློ་མཐུན་ཚོས་རང་སོ་སོའི་ལས་ཀའི་དོན་དངོས་ལ་གཞིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཚོགས་འདུར་ནན་བཤད་བྱས་དོན། གླེང་སྟེགས་གཉེར་བ་ནི་འཛམ་གླིང་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་སའི་ལས་སྟེགས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། གླེང་སྟེགས་ཡག་པོ་གཉེར་བར་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།