དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གུང་གསེང་གི་ཉིན་བདུན་པར་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྤྱིར་ན་བརྟན་པོ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གུང་གསེང་གི་ཉིན་བདུན་པར་ས་གནས་ཁག་གིས་ཕྱིར་ལོག་པའི་མཐོ་རླབས་སྔ་རྗེས་སུ་བསུས་པ་དང་རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་འཁོར་རྒྱུག་ཡག་པོ་ཡོད་པ་རེད། ཚེས་7ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གུང་གསེང་རིང་གི་འགྲིམ་འགྲུལ་འཁོར་རྒྱུག་གི་འགྱུར་ལྡོག་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་འཛོལ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། ཤར་གཏོང་འགན་ལེན་བཅས་བྱས་ཡོད། ཆུ་ཚོད་18པའི་བར་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་དང་། དུས་ཡུན་རིང་པོ་དང་། བར་ཐག་རིང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་འགྲིམ་འགྲུལ་འགག་པའི་སྐོར་གྱི་སྙན་སེང་འབྱོར་མེད་ལ། འགྲོ་ལམ་གྱི་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་སྙན་སེང་ཡང་འབྱོར་མེད་པ་རེད།

    ཚེས་8ཉིན་ནི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གུང་གསེང་གི་ཉིན་མཇུག་ཤོས་ཡིན་པ་དང་ས་གནས་ཁག་ཏུ་སྔར་བཞིན་ཕྱིར་ལོག་པའི་མཐོ་རླབས་འཕྱུར་ཡོད་ལ། ལྷག་པར་དུ་གྲོང་ཁྱེར་ཆེ་འབྲིང་ཁག་ཏུ་སྐྱོད་པའི་རླངས་འཁོར་མང་བས་གྲོང་ཁྱེར་ནང་འཛུལ་བའི་ལམ་དུམ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆེན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།