དྭངས་གཙང་གློག་སྒྲོན་གྱི་འོད་སྣང་ས་མཐོར་ལྷམ་མེར་འཕྲོ།
བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

འདི་ནི་ཧྭ་གློག་ཆུ་གསུམ་སྟོད་གཟིགས་རླུང་གློག་རྣམ་གྲངས་ཡིན་པ།(པར་རིས་འདི་ནི་བཅར་འདྲི་དང་ལེན་ཚན་པས་མཁོ་འདོན་བྱས་པ)

འདི་ནི་བོད་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཤུགས་ཆེ་ཤོས་ཡིན་པའི་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་རྣམ་གྲངས་ཏེ། བོད་ལྗོངས་ཁའེ་ཐའུ་གསེར་རྙེད་ཆུས་རྟ་སྒ་ཕུ་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཧུང་མིང་གིས་པར་བརྒྱབ)
ཟླ་9པའི་ཟླ་སྨད་དུ། བོད་ཀྱི་ལྗང་མདོག་གློག་ཤུགས་ཐེངས་དང་པོར་ས་ཁོངས་བརྒལ་ནས་ཧྲང་ཧའེ་ལ་བཏང་སྟེ། ཧྲང་ཧའེ་དང་བོད་ཀྱི་ས་ཁོངས་བརྒལ་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་ཐོག་མ་བདེ་བླག་བྱུང་བ་རེད། ད་རེས་ཀྱི་ཉོ་ཚོང་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་785ཟིན་པ་དང་སྔོན་དཔག་ལྟར་ན་ཧྲང་ཧའེ་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.41ཟད་གྲོན་ཉུང་དུ་གཏོང་རོགས་བྱས་ཏེ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་6.01གི་བཙོག་འབུད་ཉུང་དུ་གཏོང་ཐུབ་ངེས་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། བོད་ཀྱིས་ཆུ་གློག་དང་། འོད་ཤུགས། རླུང་ཤུགས་གློག་འདོན་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བས་དགུན་དཔྱིད་དུས་ཚིགས་སུ་གློག་དཀོན་པའི་དཀའ་ངལ་གང་ཐུབ་བསལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ཡང་མགྱོགས་མྱུར་སྐོང་ཐུབ་པ་བྱུང་ཡོད། 2024ལོའི་ལོ་མཇུག་བར་བོད་ཀྱི་ནུས་རྒྱུ་གསར་པའི་གློག་འདོན་བསྡུར་ཚད་50%ལས་བརྒལ་ནས་ནུས་རྒྱུ་གསར་པས་གཙོ་ཁྲིད་བྱས་པའི་ནུས་རྒྱུ་གཙང་མའི་མ་ལག་ཆགས་ཡོད།
ད་ལོའི་ཟླ་7ཚེས་11ཉིན། འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་གསུམ་པས་ཆུ་ཚོད་72ཀྱི་རིང་ཚོད་ལྟའི་གཉེར་སྐྱོང་བྱས་པ་བརྒྱུད་དྲ་སྦྲེལ་གློག་གཏོང་དངོས་སུ་ཐུབ་ནས་ཤོང་ཚད་ཡོངས་ཀྱི་ཐོན་སྐྱེད་གློག་འདོན་བྱས་པ་རེད།
འབའ་ཐང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་སྦྲེལ་མཚམས་ཀྱི་འབྲི་ཆུའི་གཞུང་རྒྱུན་དུ་གནས་ཤིང་། དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་འཛུགས་སྐྲུན་གྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སྟེ་འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི±800ཆན་ཧྥུའུ་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭའི་འདེགས་སྐྱོར་རྩེ་སྙོམས་ཀྱི་གློག་ཁུངས་ཀྱང་ཡིན། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་75ཟིན་པ་དང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་33.75ཟིན་པ་དེས་ཁྱིམ་ཚང་ཁྲི་175ཡི་ལོ་གཅིག་གི་གློག་སྤྱོད་ཚད་ཀྱི་དགོས་མཁོ་སྐོང་ཐུབ།
ད་ལོའི་ཟླ་3པར། བོད་དུ་འོད་གསོག་གློག་ཁང་ཆེ་ཤོས་བསྐྲུན་པ་སྟེ་ཧྭ་ནེང་སྐྱ་བ་དུས་ཐེངས་དང་པོའི་འོད་གསོག་གློག་ཁང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། འོད་གསོག་གློག་ཁང་དེ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྐྱ་བ་གྲོང་ཚོར་གནས་པ་དང་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་ཞིང་། གློག་འདོན་གཞི་ཁྱོན་ཆན་ཝ་ཁྲི་25ཟིན་པ་དང་། ཆུ་ཚོད་ཀྲའོ་ཝ་50དང་ཆུ་ཚོད་ཀྲའོ་ཝ་200ཡི་གསོག་ནུས་མ་ལག་སྒྲིག་སྦྱོར་བྱས་ཡོད། རྣམ་གྲངས་ཀྱི་གསོག་ནུས་མ་ལག་གིས་ཉིན་མོའི་གློག་ནུས་ལྷག་མ་གསོག་འཇོག་ཐུབ་པ་དང་མཚན་མོར་བསྟུད་མར་ཆུ་ཚོད་4ཡི་རིང་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་20གཏོང་ཐུབ་ཀྱི་ཡོད།
ཟླ་10ཚེས་1ཉིན། རླུང་གློག་འཕྲུལ་ཆས་ཀྱི་རླུང་གཤོག་ཨང་དང་པོ་དལ་གྱིས་འགུལ་བ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྟོད་གཟིགས་ཤང་དུ་གནས་པའི་ཧྭ་གློག་ཆུ་གསུམ་སྟོད་གཟིགས་རླུང་གློག་རྣམ་གྲངས་དངོས་སུ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཤིང་། དེ་ནི་བོད་ཀྱིས་2024ལོར་ཁ་གསལ་བཟོས་པའི་འགན་སྲུང་རང་བཞིན་གྱི་རླུང་གློག་གསོག་ནུས་རྣམ་གྲངས་ཁྲོད་ཀྱི་གློག་བཏང་བའི་རྣམ་གྲངས་དང་པོ་ཡིན་ལ། ཀྲུང་གོ་ཧྭ་གློག་གིས་བོད་དུ་གློག་འདོན་བྱེད་འགོ་ཚུགས་པའི་རླུང་གློག་རྣམ་གྲངས་ཐོག་མའང་ཡིན།
བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་གྱི་སྤང་མདའ་རྩྭ་ཐང་དུ་དངུལ་མདོག་གི་རླུང་འཁོར་20རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་འཁོར་སྐྱོད་བྱེད་པ་དང་། རིང་ཚད་སྨི་95ཡི་སྒྲོ་གཤོག་འཁོར་སྐྱོད་ཐེངས་རེ་བྱས་ན་གློག་ཏུའུ་9.5འདོན་ཐུབ། དེ་ནི་དཔའ་ཤོད་ཀྱི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་ཡིན་ལ་ཆ་སྙོམས་ས་བབ་སྨི་5050ཟིན་པ་དང་2024ལོའི་ཟླ་10པའི་ཟླ་མཇུག་ཏུ་དྲ་སྦྲེལ་ཐུབ་ནས་གློག་བཏང་བར་བརྟེན། “ལོ་དེར་ལས་འགོ་ཚུགས་པ་དང་ལོ་དེར་ཐོན་སྐྱེད་བྱེད་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། ལོ་རེར་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.23ཟིན་པའི་རླུང་གློག་ར་བ་དེས་མི་གྲངས་ཁྲི་23ཙམ་གྱི་ལོ་ཧྲིལ་པོའི་འཚོ་བའི་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། དེ་ལས་ཐོན་པའི་གློག་ནུས་དེ་ཆབ་མདོ་ཡུག་ཁུལ་གྱི་གློག་དྲར་མཐུད་ནས་ཡུལ་དེ་གའི་གློག་ཤུགས་དགོས་མཁོ་འགན་ལེན་བྱེད་ཀྱི་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ཆན་ཝ་ས་ཡ་རིམ་པའི་འོད་ཤུགས་རྟེན་གཞི་དང་ས་བབ་མཐོ་བའི་རླུང་གློག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། “ནུས་རྒྱུ་གསར་པ+གསོག་ནུས”ཀྱི་ཚོད་ལྟའི་དཔེ་སྟོན་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ་གློག་འདོན་ཤུགས་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད། དེ་མཚུངས་སུ་གློག་དྲ་དེ་སྔར་བས་ཐག་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་རྒྱུན་ཆད་མེད་པར་ཁྱབ་པ་དང་། ཆན་ཧྥུའུ་500ཟིན་པའི་དྲ་སྒྲོམ་གཙོ་བོ་དང་རིམ་ཁག་གི་གློག་དྲ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཆེས་མཐོ་གནོན་གཅིག་གྱུར་གློག་དྲའི་དུས་སྐབས་གསར་པར་སླེབས་པ་རེད།
2020ལོའི་ཟླ་12པར། ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པའི་མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པས། བོད་ཀྱི་གཅིག་གྱུར་གློག་དྲ་དང་དེ་བཞིན་གློག་དྲ་ཆེ་གྲས་འཛུགས་སྐྲུན་བྱས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74དང་དེ་བཞིན་ཤང་དང་གྲོང་རྡལ་གཙོ་བོར་ཡོངས་སུ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། བོད་ཀྱི་གློག་མཁོ་འདོན་བློས་འགེལ་ཆོག་པའི་ཚད་99.6%ཟིན་པ་དང་། 2024ལོར་བོད་ཀྱི་མི་རེའི་ཆ་སྙོམས་གློག་ཤུགས་འཛད་སྤྱོད་ཆུ་ཚོད་ཆན་ཝ་4404.8ཟིན་པ་དེ་2012ལོ་ལས་162.89%འཕར་ཡོད།
ད་ལོའི་ཟླ་9ཚེས་28ཉིན། མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པས་མཚོ་སྔོན་དང་བོད་དབར་གྱི་གློག་འདྲེན་ནུས་པ་ལྡབ་གཅིག་ཆེ་རུ་ཕྱིན་ནས་ཆན་ཝ་ཁྲི་120ཟིན་ཡོད། སླད་ཕྱིན“གློག་ཤུགས་མཁའ་ལམ”དེ་བརྒྱུད། དགུན་དུས་བོད་དུ་འདྲེན་པའི་གློག་ཚད་བོད་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་35%ཟིན་ནས་བོད་ཀྱི་དགུན་དུས་ཆུ་སྐམ་དུས་ཀྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཀྱི་རེད།
མཚོ་བོད་དྲ་སྦྲེལ་དང་། ཁྲོན་བོད་དྲ་སྦྲེལ། བོད་དབུས་དྲ་སྦྲེལ། མངའ་རིས་དྲ་སྦྲེལ་བཅས“གློག་ཤུགས་མཁའ་ལམ”བཞི་སྔ་རྗེས་སུ་བསྐྲུན་པ་དང་དེ་བཞིན་རེས་སྐོར་གསར་པའི་ཞིང་ལས་དྲ་བ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་བསྟུན་ནས་བོད་ཀྱི་གློག་ཤུགས་འཛད་སྤྱོད་དང་དཔལ་འབྱོར་འཕེལ་རྒྱས་སྔར་བས་འཁྲུག་ཏུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་97.73ཟི
འབྲེལ་ཡོད་གསར་འགྱུར།