དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས“བདེན་དཔང་དང་ལྟ་སྐྱོང”གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སྤེལ་ནས་མི་རིགས་ཁག་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུན་ལཱ།   |     སྤེལ་དུས།  2025-10-09

    འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་ཞོལ་གཅེས་ནོར་ཁང་དུ་སླེབས་མ་ཐག་ལོ་ངོ་སྟོང་གི་ལོ་རྒྱུས་མཚོན་པའི་ཀྲུང་ཧྭ་མི་རིགས་མཉམ་འདྲེས་ཀྱི་ཐང་ག་རིང་པོ་དལ་བུའི་ངང་བཀྲམ་ཡོད།

    “བདེན་དཔང་དང་ལྟ་སྐྱོང—ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནི་བོད་རང་སྐྱོང་ལྗོངས་རིག་གནས་ཤུལ་བཞག་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་སྒྲུབ་འགན་ཁུར་བ་ཞིག་རེད། འགྲེམས་སྟོན་དེ་གྲ་སྒྲིག་ལོ་གསུམ་བྱས་པ་དང་། 2024ལོའི་ཟླ་12ཚེས་31ཉིན་དངོས་སུ་འགོ་ཚུགས་པ་ནས་མིག་སྔའི་བར་ཁྱོན་བསྡོམས་ལྟད་མོ་བ་མི་ཐེངས་ཁྲི་50ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་ཉིན་ལྟར་སྣེ་ལེན་བྱེད་ཚད་མི་ཐེངས་2000ལྷག་ཙམ་ཟིན་གྱི་ཡོད།

    འགྲེམས་སྟོན་གྱིས“ཁྱིམ་ཚང་གཅིག”དང་“རྣམ་པ་ཡོངས་རྫོགས་གསར་པར་གྱུར་པ”ཞེས་ནང་དོན་ཆེན་པོ་གཉིས་ལ་དབྱེ་ནས་ཐང་ག་དང་། སྐུ་འདྲ། རྫ་ཆས། ཏ་ལའི་ལོ་མའི་ཆོས་དཔེ་སོགས་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་མི་རིགས་མཐུན་སྒྲིལ་མཚོན་པའི་རིག་དངོས་300ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་ཏེ་བོད་ས་གནས་དང་མེས་རྒྱལ་དབར་ཤ་རུས་གཅིག་འདྲེས་ཀྱི་ལོ་རྒྱུས་མཚོན་པར་བྱས་ཤིང་། དེའི་ནང་གི་རིག་དངོས་བརྒྱ་ལྷག་ཙམ་ཐོག་མར་འགྲེམས་སྟོན་བྱས་པ་རེད།

    གཞན་ཡང་། ཐོག་མར་འགྲེམས་སྟོན་བྱས་པའི་ཇ་རྟའི་གནའ་ལམ་དང་འབྲེལ་བའི་ཇ་ཁུག་དང་ཇའི་བྱང་བུའང་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡོད། ཇ་ཁུག་རྙིང་པ་དང་ཇའི་བྱང་བུ་ལས་ཚོང་དོན་འགྲོ་འོང་རྗེས་ཤུལ་མཐོང་ཐུབ་ལ། མི་རིགས་ཁག་གིས་ཇ་རྟའི་ཚོང་འབྲེལ་བརྒྱུད་དངོས་ཟོག་འཁོར་རྒྱུག་ལ་སྐུལ་འདེད་བཏང་སྟེ་རིག་གནས་མཉམ་འདྲེས་ཟབ་ཏུ་བཏང་བའི་ལོ་རྒྱུས་གསོན་ཉམས་དོད་པོས་མཚོན་ཐུབ།

    ད་ཐེངས་འགྲེམས་སྟོན་གྱི་བཀྲག་མདངས་འཚེར་ཤོས་གཞན་ཞིག་ནི“རིག་དངོས་སྲུང་སྐྱོང”དང“འགྲེམས་སྟོན་གསར་གཏོད”དོ་སྙོམས་བྱས་པ་དེ་རེད། རྩ་ཆེའི་རིག་དངོས་སྲུང་སྐྱོང་བྱ་ཆེད། འགྲེམས་སྟོན་དུ་དབྱང་ཉུང་དང་དྲོད་ཚད་སྙོམ་པའི་འགྲེམས་སྒམ་སྤྱད་དེ་རིག་དངོས་ལ“བདེ་འཇགས་སྲུང་བཅད”བསྐྲུན་པ་མ་ཟད། ལག་རྩལ་གསར་ཤོས་སྤྱད་དེ་དབྱིངས་ཚུད་རྣམ་པའི་ལྟ་སྐོར་གྱི་ཁོར་ཡུག་བསྐྲུན་ཡོད། དེའི་ནང་3Dགཅེར་མིག་གྲངས་འཛིན་ཅན་གྱི་འགྲེམས་སྟོན་དང་གྲངས་འཛིན་ཅན་གྱི་ཐུག་རེག་གྱང་སོགས་ཀྱིས་ཕོ་བྲང་པོ་ཏ་ལ་བསྐྲུན་པའི་ལོ་རྒྱུས་གསོན་ཉམས་དོད་པའི་སྒོ་ནས་མངོན་ཡོད་ལ། བོད་བཟོའི་གནའ་བོའི་འཛུགས་སྐྲུན་གྱི་བཟོ་སྐྲུན་མཛེས་རིག་དང་བློ་གྲོས་ལ་གསལ་འགྲེལ་གཏིང་ཟབ་བརྒྱབ་པ་དང་ཆབས་ཅིག་ཏ་ལའི་ལོ་མའི་ཆོས་དཔེ་སོགས་རྩ་ཆེའི་གནའ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ཀྱང་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།