དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས།

    ​ཧུའུ་པེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”སྟར་ཁའི་ཚན་རྩལ་བོད་སྐྱོར་རྣམ་གྲངས་ལ་གསལ་འབྱེད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    འདི་ནི་རིགས་གཅིག་མཁས་ཅན་གྱིས་ས་ཡུལ་དངོས་སུ་སྟར་སྡོང་གི་སྐྱེ་འཚར་ལ་རྟོག་ཞིབ་བྱེད་བཞིན་པ།

    འདི་ནི་རིགས་གཅིག་མཁས་ཅན་གྱིས་རྒྱ་ཚ་རྫོང་གི་སྟར་ཁའི་ཐོན་ལས་ཀྱི་འབྲེལ་ཡོད་གནད་དོན་ལ་སྤེལ་རེས་བྱེད་བཞིན་པ།

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་དང་འབྲི་ཆུ་སློབ་ཆེན་གྱིས་མཉམ་དུ་ནུབ་བྱང་ཞིང་ལས་དང་ནགས་ལས་ཚན་རྩལ་སློབ་ཆེན་དང་། ཧྭ་ཀྲུང་ཞིང་ལས་སློབ་ཆེན། ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིཌ་གཅིག་མཁས་ཅན་གདན་དྲངས་ནས། འབྲི་ཆུ་སློབ་ཆེན་གྱིས་འགན་ཁུར་བའི་ཧུའུ་པེ་ཞིང་ཆེན་གྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་གལ་ཆེན་ཏེ། “བོད་ལྗོངས་ས་མཐོའི་སྟར་ཁའི་ཐོན་ལས་ལག་རྩལ་ཞིབ་འཇུག”གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ལ་ས་གནས་ས་ཐོག་ཏུ་གསལ་འབྱེད་བྱས་པ་རེད།

    “ས་མཐོའི་སྟར་ཁའི་ཐོན་ལས་ལག་རྩལ་ཞིབ་འཇུག་ནི་ལྟེ་བའི་སྟོན་གྲངས་མང་པོ་དང་འབྲེལ་བ་ཡོད་ཅིང་། སྟོན་གྲངས་དེ་དག་རིག་གཞུང་ནས་ཆུ་ཚད་གང་དུ་སླེབས་མིན་དང་། རྒྱལ་ནང་དུ་གནས་བབ་གང་འདྲ་ཡོད་མེད་སོགས་ནི་ཧ་ཅང་ཆེད་ལས་ཀྱི་གནད་དོན་ཞིག་ཡིན་པས། ལས་རིཌ་ནང་ཁུལ་གྱི་རིཌ་གཅིག་མཁས་ཅན་གྱིས་འབྲེལ་ཡོད་གསལ་འབྱེད་བྱས་ནས། ང་ཚོའི་རྣམ་གྲངས་ཀྱི་མཐའ་མའི་རྩིས་ལེན་དང་བརྗོད་གཞིར་ཕྱོགས་སྡོམ་བྱེད་པར་འདེགས་སྐྱོར་དང་གཞི་འཛིན་ས་གང་ལེགས་དགོས་ཀྱི་ཡོད”ཅེས་འབྲི་ཆུ་སློབ་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཞུས་ཞའོ་ཧུང་གིས་གསར་འགོད་པར་ངོ་སྤྲོད་བྱས། ད་རེས་ཀྱི་གསལ་འབྱེད་ཀྱི་ནང་དོན་ལ་ལས་སྟེགས་འཛུགས་སྐྲུན་དང་ལག་རྩལ་ཞིབ་འཇུག་ཕྱོཌ་གཉིས་ཡོད་པ་དང་། ཞིབ་ཕྲའི་ཐད་ལ་ཚོད་ལྟ་ཁང་གི་རྒྱ་ཁྱོན་དང་། འདེམས་གསོའི་ར་བ་དང་། ལྗང་གསོའི་ར་བ། སྐྱེ་ཁམས་ནུས་ཆེའི་འདེབས་གསོ་དཔེ་སྟོན་གླིང་བཅས་ཀྱི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན། སྡོང་ཕྲུག་སྤུས་ལེགས་སམ་སོན་སྣའི་འདེམས་གསོ་ཁྱབ་གདལ་དང་དཔེ་སྟོན། སྡོང་ཕྲུག་སྤུས་ལེགས་སྦྱར་ག་བརྒྱབ་པའི་ཁ་གྲངས། སྟར་ཁའི་ཐོན་སྐྱེད་ལག་རྩལ་པའི་གསོ་སྦྱོང་སོགས་ཚུད་ཡོད་པ་རེད།

    རིཌ་གཅིག་མཁས་ཅན་གྱིས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་གསལ་འབྱེད་བྱས་པ་ཕུད། ད་དུང་རྣམ་གྲངས་རྩིས་ལེན་དང་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་གི་གོམ་སྟབས་རྗེས་མའི་ཁ་ཕྱོགས་ལའང་གྲོས་འགོ་བཏོན་པ་རེད།

    བོད་ནི་རང་རྒྱལ་གྱི་སྟར་ཁ་ཁྱབ་ཁུལ་ཆེ་གྲས་ཤིག་ཡིན་པ་དང་། ལྗོངས་ཡོངས་སུ་སྟར་ཁ་འདེབས་ཁྱོན་མུའུ་ཁྲི་20ལྷག་ཙམ་ཟིན་པའི་ཁྲོད། རྒྱ་ཚ་རྫོང་ལ་སྟར་ཁ་འདེབས་ཁྱོན་མུའུ་ཁྲི་4.6ཟིན་པ་དང་། ལོ་ངོ་སྟོང་གི་སྟར་སྡོང་རྐང་3600ལྷག་ཙམ་ཡོད། 2023ལོའི་ཟླ་བཅུ་གཉིས་པར། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན(WRCA)གྱི་གཞུང་ཕྱོཌ་མི་སྣས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་པ་བརྒྱུད། རྒྱ་ཚ་རྫོང་ལ“འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ངོ་སྟོང་གི་སྟར་སྡོང་ཚལ”གྱི་ཟིན་ཐོའི་ཁས་ལེན་དཔང་འདོན་ཐོབ་པ་རེད།

    “རྒྱ་ཚའི་སྟར་ཁ་ཆེ་ཞིང་པགས་པ་སྲབ་པ་དང་སྣུམ་ཚི་འདུས་ཚད་མཐོ་བས། དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོ་ཡོད། ཡིན་ནའང་། སོན་སྣ་འདེབས་རྒྱུ་མི་འདང་བ་དང་། འདེབས་གསོའི་དོ་དམ་ལག་རྩལ་རྗེས་སུ་ལུས་ནས་སྟར་ཁ་འདེབས་འཛུགས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བར་ད་བར་ཚོད་འཛིན་ཐེབས་ཡོད”ཅེས་འབྲི་ཆུ་སློབ་ཆེན་ལྡུམ་རའི་ལག་རྩལ་སྐྱེད་ཚལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལིའུ་ལི་ཕིང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས“རྒྱ་ཚ་རྫོང་གི་ས་མཐོའི་སྟར་ཁའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་བྱ་ཆེད། 2021ལོ་ནས་བཟུང་། ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་དབྱི་ཁྲང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་འོག་ཧུའུ་པེ་ཚན་རྩལ་བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་ཏེ། བོད་ཀྱི་ས་མཐོའི་སྟར་ཁའི་ཐོན་ལས་ལག་རྩལ་ཞིབ་འཇུག་དེ་དངོས་སུ་ལག་ལེན་བསྟར་བ་དང་། རྣམ་གྲངས་དེ་འབྲི་ཆུ་སློབ་ཆེན་གྱིས་འགན་ཁུར་གྱི་ཡོད”ཅེས་བཤད།

    ད་ཆ། འཕེལ་རྒྱས་ལོ་མང་བཏང་བ་བརྒྱུད། རྣམ་གྲངས་དེར་འབྲི་ཆུ་སློབ་ཆེན་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་པ་མ་ཟད། མུའུ་40ཟིན་པའི་འདེམས་གསོའི་ར་བ་དང་། ལྗང་གསོའི་ར་བ། སྐྱེ་ཁམས་ནུས་ཆེའི་འདེབས་འཛུགས་དཔེ་སྟོན་གླིང་དང་དེ་བཞིན་མུའུ་80ཟིན་པའི་ལག་རྩལ་ཁྱབ་གདལ་དང་དཔེ་སྟོན་རྟེན་གཞིའང་བཙུགས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།