བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་གནས་ལ“ཧྥེ་ཏི་ཁེ”ཕུལ་བྱུང་བྱ་དགའ་ཐོབ་པ།
ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་གློག་སྐྲུན་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། ཞིབ་འཇུག་ཁང་དེས་བརྒྱུད་རིམ་ཧྲིལ་པོའི་འཛུགས་སྐྲུན་དང་བློ་འདྲི་དོ་དམ་བྱེད་འགན་འཁུར་བའི་བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭར“ཧྥེ་ཏི་ཁེའི་ལས་གྲྭའི་རྣམ་གྲངས་ཀྱི་ཕུལ་བྱུང་བྱ་དགའ”ཐོབ་པ་རེད།
བོད་ལྗོངས་ཤངས་ཆུ་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ལས་གྲྭ་གལ་ཆེན་172ཀྱི་གྲས་ཤིག་རེད་ལ། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྐང་འཛིན་ལས་གྲྭ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།