དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲགས་པ་དབང་ལྡན།

    ཞིང་བྲན་ནས་དུས་རབས་ཀྱི་བདག་པོར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་བདེ་སྡོད་ཁུལ་དུ་ལོ་81ལ་སླེབས་པའི་གྲགས་པ་དབང་ལྡན་རང་ཁྱིམ་གྱི་ཐོག་བརྩེགས་ཁང་པའི་ནང་བསྡད་པ་དང་དྲོ་འཇམ་ཉི་འོད་ཁོང་གི་གཉེར་མས་ཁེངས་པའི་ངོ་གདོང་ལ་འཕྲོས།

    བགྲེས་སོང་གིས་སྦར་མཐིལ་གྱི་ཤ་མཁྲེགས་འཕུར་བཞིན“ངའི་མི་ཚེ་འདིའི་བརྒྱུད་རིམ་ནི་བོད་ཀྱི་འཕོ་འགྱུར་བྱུང་བའི་ལོ་རྒྱུས་དང་མཚུངས”ཞེས་བཤད།

    གྲགས་པ་དབང་ལྡན་1944ལོར་ཟམ་གདོང་གཞིས་ཀར་སྐྱེས་པ་དང་། སྐབས་དེ་དུས་ཀྱི་བོད་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་དམ་པོར་བཅིངས་ཡོད། གྲགས་པ་དབང་ལྡན་དང་བཅས་པའི་ནང་མི་དགུ་པོ་ཐིགས་པ་རྒྱག་པའི་ས་ཁང་ཞིག་ནང་འཚང་ཁ་བརྒྱབ་ནས་སྡོད་པ་དང་། ལོ་15ལ་མ་སླེབས་གོང་ཁོང་གིས་ལྷམ་གྱོན་མྱོང་མེད་ལ་ལྷན་པ་མང་པོ་བརྒྱབ་པའི་ཕྱུ་པས་ཀྱང་ཁོང་གི་ལུས་རིད་པོ་དེ་བཀབ་ཐུབ་ཀྱི་མེད།

    བགྲེས་སོང་གིས“ལོ་13ལ་སླེབས་པའི་ལོ་དེར་གཟན་རྩྭ་མང་པོ་བཀོག་མ་ཐུབ་པའི་རྐྱེན་གྱིས་ཞིང་བྲན་བདག་པོས་རྟ་ལྕག་གཞུས་བྱུང་བས་ཨ་མས་ང་ལ་འཐམས་ནས་ངུ་བ་ལས་ང་ཚོར་འགོག་རྒོལ་བྱེད་པའི་ཐོབ་ཐང་ཅི་ཡང་མེད”ཅེས་བཤད། སྐབས་དེ་དུས་ཞིང་བྲན་ཁྲི་ཚོ་བརྒྱ་ཚང་མས་མུན་ནག་གི་འཚོ་བ་དེ་སྐྱེལ་དགོས་ཀྱི་ཡོད།

    1959ལོར། དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་བ་རེད།

    སྐབས་དེ་དུས་གྲགས་པ་དབང་ལྡན་གྱི་ཁྱིམ་ལ་ཞིང་ཁ་མུའུ་15དང་རྨོན་ཕྱུགས་གཅིག་བགོས་པ་དང་། ཟམ་གདོང་གཞིས་ཀའང་གསང་མདའ་གྲོང་ཚོར་གྱུར་ཡོད། “བ་ཕྱུགས་དེད་དེ་ཁྱིམ་དུ་ལོག་པའི་ལམ་བར་དུ། ངས་བ་ཕྱུགས་གི་མཇུག་མ་ནས་བཟུང་སྟེ་ཨ་ཕར་འདི་དངོས་འབྲེལ་ང་ཚོའི་ཁྱིམ་གྱི་བ་ཕྱུགས་རེད་དམ་ཞེས་དྲིས་པས་ཨ་ཕས་ངར་མགོ་ལྕོག་ལྕོག་བྱས་བྱུང་། “དེ་བས་བསམ་ཡུལ་ལས་འདས་པ་ཞིག་ནི་ང་རང་སློབ་གྲྭར་འགྲོ་རྒྱུ་བྱུང་བ་དེ་རེད། སློབ་ཁང་ནང་ཐོག་མར་འཛུལ་སྐབས་རྒན་ལགས་ཀྱིས་ང་ཚོར‘ཡར་ལངས་ཞིང་བྲན’ཞེས་པའི་ཡིག་འབྲུ་བཞི་པོ་འབྲི་སྟངས་བསླབ་པས་ངས་ཤོག་ལྷེ་གང་བྲིས་པ་ཡིན”དཔྱད་གཞི་ལས་མངོན་པར་གཞིགས་ན། ལོ་དེར་བོད་ཀྱི་ཞིང་བྲན་གྱི་བུ་ཕྲུག་ཁྲི་1.2ཙམ་སློབ་གྲྭར་བསྐྱོད་དེ་མི་ཚེ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས་ཡོད།

    བོད་གསར་རྙིང་བརྒྱུད་མྱོང་བའི་གྲགས་པ་དབང་ལྡན་གྱིས་ཏང་ལ་དྲིན་ཚོར་ཆེན་པོ་བྱེད་ཀྱི་ཡོད། 1970ལོར་ལོ་26ལ་སླེབས་པའི་ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། 1974ལོ་ནས་བཟུང་སྔ་རྗེས་སུ་གྲོང་ཚོ་རིམ་པའི་བདེ་འཇགས་ཀྲུའུ་རེན་སོགས་བྱས་པས་གྲོང་གསེབ་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། “ཏང་ཡོན་ཚོ་མདུན་དུ་མཆོང་དགོས”ཞེས་ཁོང་གིས་བློ་སྟོབས་ཆེན་པོས་བཤད།

    1997ལོར། གསང་མདའ་གྲོང་ཚོ་དེ་ཉིད་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞིར་བཅུག་པ་དང་། སྐབས་དེ་དུས་གྲོང་མི་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་གྲགས་པ་དབང་ལྡན་གྱིས་ས་གནས་དེ་གར་འཚམ་པའི་ཐོན་འབབ་མཐོ་བའི་ལོ་ཏོག་འཚོལ་ཆེད་ལམ་ཐག་ཧ་ཅང་རིང་བའི་ཧོ་ནན་དུ་བསྐྱོད་དེ་གྲོ་སོན་གསར་པ་འཁྱེར་ཡོང་བ་རེད། གྲོང་མི་ཚོས་བློ་མི་བདེ་བ་བྱེད་པས་ཁོང་གིས་སྣེ་ཁྲིད་དེ་ས་བོན་ཚོད་འདེབས་བྱས་པ་དང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ནང་དུ་གཡོག་བྱེད་བྱེད་པ་མ་ཟད། ད་དུང་ཚང་མར་ལག་རྩལ་བསླབས་པ་རེད། “མཐར་མུའུ་རེའི་ཐོན་འབབ་ཀྱིས་སྐབས་དེ་དུས་ཀྱི་སྟོད་ལུང་བདེ་ཆེན་རྫོང་གི་ཟིན་ཐོ་བཏོད་ཡོད”ཅེས་འདས་དོན་གླེང་བཞིན་བགྲེས་སོང་གི་ངོ་གདོང་ལས་སྤོབས་པ་ཆེན་པོ་མངོན།

    2000ལོར། གྲགས་པ་དབང་ལྡན་གྱིས་སླར་ཡང་གྲོང་མི་ཚོའི་སྣེ་ཁྲིད་དེ་ས་ཞིང་ཚད་འཇལ་བ་དང་བེད་མེད་ས་ཞིང་མུའུ་13མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་སྤྱད་དེ་དུད་ཚང་དབུལ་པོ་རིམ་བཞིན་དབུལ་སྒྲོལ་ཐུབ་པར་བྱས་ཡོད། གྲོང་མི་ཚེས་གསུམ་བཀྲ་ཤིས་ཀྱིས“སྐབས་དེ་དུས་ང་ཚོ་ནང་མི་7ཁང་པ་གཅིག་གི་ནང་འཚང་ཁ་བརྒྱབ་ནས་སྡོད་ཀྱི་ཡོད། གྲགས་པ་དབང་ལྡན་གྱིས་ང་ཚོར་ཁང་པ་གསར་པ་བརྒྱབ་རོགས་བྱས་པ་མ་ཟད། ད་དུང་དངུལ་གྲབས་གསོག་བྱས་ནས་ངའི་བུའི་སྲོག་བསྐྱབས་པས་ཁོང་ནི་ང་ཚོའི་དྲིན་ཆེན་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

    2003ལོར། གྲགས་པ་དབང་ལྡན་ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོཌ་ཀྱིས“སྔོན་ཐོན་ལས་དོན་པར”བདམས་པ་དེ་ནི་ཁོང་གིས་ལོ་བཅུ་གྲངས་རིང་ཧུར་ཐག་འབད་ཐག་གིས་ལས་དོན་བསྒྲུབས་པའི་བྱ་དགའ་ཡག་ཤོས་ཤིག་རེད།

    “ཞིང་བྲན་ནས་ཏང་ལོ་55ཟིན་པའི་ཏང་ཡོན་ཞིག་བར་ངའི་མི་ཚེ་འདི་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དཔང་པོ་ཞིག་ཡིན། ད་ལྟའི་བོད་དུ་གང་སར་དར་རྒྱས་ཕུན་ཚོགས་བྱུང་བ་དང་སླད་ཕྱིན་གྱི་འཚོ་བ་དེ་བས་ཡག་པ་ཡོང་ངེས་རེད”ཅེས་བགྲེང་སོང་གི་བཀའ་མོལ་ལས་དཀའ་སྡུག་ཚད་མེད་མྱོང་བ་མཚོན་ལ་འབྱུང་འགྱུར་ལ་དེ་བས་ཡིད་ཆེས་བྱེད་པའང་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།