གཞིས་རྩེའི་གནའ་གྲོང་ལ་རྣམ་པ་གསར་པ་མངོན།
རྒྱལ་སྟོན་གྱི་སྔ་སྣུར་དུ་གཞིས་རྩེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སྟེ། “སྒོ་དབྱེའི་གཞིས་རྩེའི”གཟབ་འཁོར་འགྲེམས་སྟོན་དང“ཇོ་མོ་གླང་མའི་ཕ་ཡུལ·བཀྲ་ཤིས་གཞིས་རྩེའི”བརྗོད་དོན་གསར་པའི་ཐང་གའི་གྲུབ་འབྲས་འགྲེམས་སྟོན་སྤེལ་བས་བརྗོད་དོན་གསར་པའི་ཐང་ག་དང་གཟབ་འཁོར་གྱིས་གྲོང་མི་དང་ལས་ཀ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ནས་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། ཚང་མས་དྲན་རྟེན་པར་བརྒྱབ་ནས་མཐོང་ཐོས་མཉམ་སྤྱོད་ཀྱང་བྱེད་ཀྱི་ཡོད། ཐང་ག་བཞེངས་མཁན་ཉི་མ་བཀྲ་ཤིས་ཀྱིས“བརྩམས་ཆོས་དེ་དག་གིས་སྲོལ་རྒྱུན་གྱི་ལག་རྩལ་བརྩི་སྲུང་བྱེད་པ་དང་ཆབས་ཅིག་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་དུས་རབས་ཀྱི་འགྱུར་ལྡོག་ཀྱང་མཚོན་པས། མི་རྣམས་ལ་ལྟ་འདོད་ཀྱི་སྣང་བ་ཞིག་སྦྱིན་བཞིན་ཡོད”ཅེས་སེམས་འགུལ་ཆེན་པོས་བཤད།
རྒྱལ་སྟོན་གྱི་ཉིན་དེར“གསུང་རབ་ཀྱིས་མི་སེམས་བརླན། ཕ་བུའི་སྙན་ངག་གྱེར་འདོན་བྱེད”ཅེས་པའི་གྱེར་འདོན་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དུ་གཉེར་ཞིང་། དེའི་ནང་ཞུགས་མཁན་གྱིས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་གསུང་རྩོམ་གྲགས་ཅན་གྱེར་འདོན་བྱས་པ་རེད།
ཟླ་10ཚེས་1ཉིན། གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ་དང་ཟླ་མཆོད་དུས་ཆེན་བསུ་བའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཞིང་། 《དར་ཞིང་རྒྱས་པའི་ཤར་པ》སོགས་ཡུལ་དེ་གའི་སྲོལ་རྒྱུན་གླུ་གར་ཡོད་ལ། 《མཐུན་སྒྲིལ་ཟབ་མོ》སོགས་དུས་རབས་ཀྱི་གོམ་བགྲོད་ལ་དམ་པོར་དམིགས་པའི་བརྩམས་ཆོས་ཀྱང་ཡོད་པས་གཞིས་རྩེའི་ཕུན་སུམ་ཚོཌ་པའི་རིག་གནས་ཀྱི་ནང་དོན་མངོན་པ་མ་ཟད། “ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོས། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི”བརྩེ་བ་ཟབ་མོ་མཚོན་ཡོད། “སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་ལས་རྒྱལ་སྟོན་གུང་གསེང་ལ་རིག་གནས་ཀྱི་རྣམ་པ་ཟབ་མོ་བཏོད་སོང”ཞེས་འཁྲབ་སྟོན་ལ་བལྟས་རྗེས་གྲོང་མི་བུ་རིན་དབང་གིས་བློ་ཡིད་ཚིམ་པོས་བཤད།
འབྲེལ་ཡོད་གསར་འགྱུར།