དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཆེད་དོན་ཞིབ་བཤེར་བྱས་པ།

    ལྷ་སའི་ཟླ་མཆོད་བག་ལེབ་ཁྲོམ་རའི་སྒྲིག་ལམ་ཡག་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་ཟླ་མཆོད་བག་ལེབ་ཁྲོམ་རར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་བྱས་འབྲས་ལས་ལྷ་སའི་ཟླ་མཆོད་བག་ལེབ་ཁྲོམ་རར་སྤྱི་ཡོངས་ནས་མཁོ་སྤྲོད་འདང་ངེས་བྱུང་བ་དང་། རིན་གོང་བརྟན་པོ་ཡོད་པ། སྤུས་ཚད་ཡག་པོ་ཡོད་པ་བཅས་མངོན་ཡོད། ཞིབ་བཤེར་ཚོགས་ཆུང་གིས་ཐོན་རྫས་འགའ་ཤས་ལ་རིན་གོང་གསལ་འགོད་ཚད་དང་མི་མཐུན་པའི་གནད་དོན་ལྡན་རིགས་ལ་དག་ཐེར་བྱེད་དུ་བཅུག་པ་རེད། དེའི་ཁྲོད་ཐུམ་སྒྲིལ་ཚད་ལས་བརྒལ་བ་བརྒྱབ་པ་དང་། རིན་གོང་ཧམ་སྤོར་བྱེད་པ། སྤུས་ཚད་མ་ལོངས་པ་བཅས་ཀྱི་ཐོན་རྫས་ཤེས་རྟོགས་བྱུང་མེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།