དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ཚོང་དོན་ལས་དོན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

    སྤྱི་ཚོགས་འཛད་ཟོག་གི་སིལ་ཚོང་དངུལ་འབོར་ལྡབ་882འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-09

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། 1965ལོ་ནས་2025ལོའི་བར་བོད་ཀྱི་ཚོང་དོན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་བཀྲག་མདངས་འཚེར་བའི“ས་མཐོའི་རྒྱུགས་ལན”ཕུལ་ཡོད། གྲངས་གཞི་ལས་མངོན་པར། འཛད་སྤྱོད་ཁྲོམ་ར་དེ་1965ལོའི་རྒྱལ་གཉེར་ཚོང་དུད་193དང་ཁེར་རྐྱང་ཚོང་དུད་ཁ་ཤས་ལས་མེད་པ་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཁྲི་58.92བར་མང་དུ་ཕྱིན་པ་དང་། 2024ལོའི་སྤྱི་ཚོགས་འཛད་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་943.44ཟིན་པ་དེ་1965ལོའི་སྒོར་དུང་ཕྱུར་1.07ལས་ལྡབ་882འཕར་ཡོད།

    ཚོང་ཟོག་དང་ཟོག་འགྲེམས་མ་ལག་ལ་ཕྱོགས་ཡོངས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ནས་འཁོར་རྒྱུག་སྒྲིག་བཀོད་རིམ་སྤོར་བྱས་ཏེ། དེང་རབས་ཅན་གྱི་ཟོག་འགྲེམས་གླིང(ཁུལ)ཁག་146དང་གྲང་ཕྲེང་མཛོད་ཉར་སྨི་ངོས་གྲུ་ཁྲི་51.5བསྐྲུན་པ་དང་། ཤང་དང་གྲོང་རྡལ་རིམ་པར་ཚོང་ཟོག་དྲ་ཚིགས་ཁྱབ་ཚད་94.3%ཟིན་ནས་ལྷ་ས་ལྟེ་བར་བྱས་པ་དང་། ས་གནས་དང་གྲོང་ཁྱེར་དྲུག་འགག་རྩར་བྱས་པ། རྫོང་དང་ཆུས་74དང་དེ་བཞིན་གཙོ་གནད་ཤང་དང་གྲོང་རྡལ་ལ་ཁྱབ་པའི་ཚོང་ཟོག་ཟོག་འགྲེམས་དྲ་རྒྱ་ཞིག་ཆགས་ཡོད།

    དྲ་ཐོག་ཚོང་དོན་སོགས་གསར་དར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། 2015ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ནས་2019ལོའི་ལྗོངས་ཧྲིལ་པོས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་འབའ་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བར། རིམ་རྩིས་བརྒྱབ་ན་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར་8.89དོན་འཁྱོལ་བྱས་པ་དང་། 2024ལོའི་བར་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་དུ་དྲ་ཚོང་ལྟེ་གནས་ཡོངས་སུ་ཁྱབ་པ་དང་། གྲོང་གསེབ་ཞབས་ཞུའི་ས་ཚིགས་ཁག་1130བསྐྲུན་ནས་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ཡོད།

    མཁོ་འཚོང་དྲ་རྒྱ་ཚགས་དམ་དུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་དང་ཆུས་74ཡི་མཁོ་འཚོང་མཉམ་ལས་ཁང་གི་རྩ་འཛུགས་སྒྲིག་གཞི་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ། བོད་ཀྱི་མཁོ་འཚོང་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་ནས་གཞི་རིམ་མཉམ་ལས་ཁང་ཁག་93དང་མཉམ་ལས་ཁང་ལ་དབང་བའི་ཁེ་ལས་ཁག་19འཕེལ་རྒྱས་བཏང་ཡོད། “བོད་ཟོག་ཕྱིར་གཏོང”ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་སྟེ། ཞིང་ལས་ཁྱད་ལྡན་ཐོན་རྫས་སྣ་ཁ་2470ལྷག་ཙམ“832ལས་སྟེགས”ནས་ཕྱིར་ཚོང་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་1.39ཟིན་ཡོད།

    ཕྱི་ཕྱོགས་སྒོ་དབྱེར་སླར་ཡང་རྣམ་པ་གསར་པ་མངོན་ཞིང་། “རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། ནེ་པ་ལ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་རིམ་སྤོར་བྱས་ཏེ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་14སྒོ་དབྱེ་སླར་གསོ་བྱས་ལ། ཕྱི་ཕྱོགས་ཚོང་དོན་གྱི་དངོས་ཡོད་གྲུབ་འབྲས་ཡོད་པའི་ཁེ་ལས་ཀྱིས་རྒྱལ་ཁབ་དང་ས་ཁུལ་165རུ་ཁྲོམ་ར་གཏོད་པར་རྒྱབ་སྐྱོར་བྱས་ཡོད། 2024ལོར་འགག་སྒོ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་20.9དང་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར་77.1ཟིན་པ་དེ་1965ལོའི་སྒོར་དུང་ཕྱུར་0.05ལས་ལྡབ་1541འཕར་ཡོད།

    སྒོ་དབྱེ་ལས་སྟེགས་ཀྱི་ནུས་རིམ་མཆོང་འཕར་བྱུང་ཞིང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་སོགས་རྒྱལ་ཁབ་རིམ་པའི་སྒོ་དབྱེའི་ལས་སྟེགས་4དང་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་4བསྐྲུན་པ་དང་། 1988ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་མ་དངུལ་གྱི་ཁེ་ལས་255ནང་འདྲེན་བྱས་པ་དང་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་4.62དངོས་སུ་སྤྱད་ཡོད། ནང་འདྲེན་ཚོང་ཟོག་འགྲེམས་ཚོང་ལྟེ་གནས་6གསར་དུ་བསྐྲུན་པ་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས“ཁྱིམ་ནས་མ་དོན་པར་གོ་ལ་ཧྲིལ་པོའི་ཅ་དངོས་ཉོ་ཐུབ་པ”བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།