དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྷ་སའི་གུང་གསེང་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    སྟོན་དུས་ཀྱི་གཟི་བྱིན་བླ་མཚོ་ཧ་ཅང་མཛེས་སྡུག་ལྡན་པས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས“སྤྲོ་སེམས་འཁོལ་པོས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་མཉམ་དུ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས། ཡར་འབྲོག་གཡུ་མཚོ་དང་། ཕུ་མ་གཡུ་མཚོ། ཕྱག་གཡོན་མཚོ་སོགས་མཛེས་ལྗོངས་ཁུལ་དུ་ཐུན་མོང་མ་ཡིན་པའི་རིག་གནས་བྱེད་སྒོ་སྤེལ་ནས་རིག་གནས་ཡུལ་སྐོར་གྱི་ཁྲོམ་རར་གསོན་ཤུགས་བསྣན་ཞིང་། འདི་ནི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ཡར་འབྲོག་གཡུ་མཚོའི་ངོགས་སུ་སྒོར་གཞས་འཁྲབ་བཞིན་པ།

    རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་གྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། གྲོང་མི་དང་ཡུལ་སྐོར་བ་ཚོར་སྣ་མང་ཅན་གྱི་དུས་ཆེན་གྱི་རྣམ་པ་ཉམས་ལེན་བྱས་ཏེ། གུང་གསེང་དཔལ་འབྱོར་གྱི་གསོན་ཤུགས་དེ་བས་འཕེལ་བར་བྱས་ཡོད།

    དུས་ཆེན་རིང་། ཡུལ་སྐོར་བ་ཚོར་བོད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཉམས་ལེན་བྱེད་དུ་འཇུག་རྒྱུ་དམིགས་ཡུལ་དུ་བྱས་པའི་2025ལོའི“བོད་ཀྱི་བྲོ་བའི”བྱེད་སྒོ་རབ་དང་རིམ་པ་ཡང་སྤེལ་ཡོད། བོད་ལྗོངས་གློག་རྡུལ་རྩལ་འགྲན་འགུལ་རིས་ཀྱི་རིག་གནས་ཡུལ་སྐོར་གཟའ་འཁོར་བྱེད་སྒོ་སྤེལ་ཡུལ་དུ་ཀུན་གྱིས་དགའ་པོ་བྱེད་པའི་གློག་རྡུལ་རྩལ་འགྲན་དང་། འགུལ་རིས་སྐོར་སྐྱོད། Cosplayའཁྲབ་སྟོན་བཅས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་རིག་གནས་བསམ་བཀོད་འགྲེམས་འཚོང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འགྲེམས་སྟོན། མི་རིགས་གྱོན་ཆས་ཤོམ་འགྲོས་སོགས་ཀྱང་བཀོད་སྒྲིག་བྱས་ནས་གཞོན་ནུ་སོགས་ཚོགས་སྤྱིའི་ཡིད་དབང་བཀུག་ཡོད་པ་རེད། ཟླ་10ཚེས་3ཉིན། རིག་གནས་ཡུལ་སྐོར་ཚོང་འདུས་གཉེར་ནས་སྐུ་མགྲོན་བསུ་འགོ་ཚུགས། ཚོང་འདུས་ཐོག་ཞིམ་ཟས་ཀྱི་ཁྲོམ་སྟེགས་60དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཁྲོམ་སྟེགས་50 རིག་གནས་བསམ་བཀོད་ཀྱི་ཁྲོམ་སྟེགས་40བཅས་ཡོད་པ་རེད། བཀོད་སྒྲིག་ལྟར་ན། ཚོང་འདུས་ཟླ་བ་གཅིག་རིང་འཚོག་རྒྱུ་ཡིན་པ་དང་། གཟའ་མཇུག་ཏུ་ད་དུང་དར་སྲོལ་ཆེ་བའི་བོད་ཀྱི་ཡུལ་རྣམ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་རས་པ་འགྲན་བསྡུར། གླུ་མ་གཏམ་གྱི་འགྲན་བསྡུར་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས“གཟའ་འཁོར་རེར་བཀྲག་མདངས་འཚེར་ས་ཡོད་པ་དང་ཉིན་རེར་བྱེད་སྒོ་རེ་ཡོད་པར”བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།