གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར་ཉིང་ཁྲིར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.9ཟིན་པ།
ཉིན་ཤས་གོང“རིག་གནས་སྐྱིད་གྲོང་། དམངས་སྲོལ་མདའ་སྟོན”གྱི་མདའ་འཕེན་དུས་ཆེན་གྱི་མྱོང་རོལ་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་སྤེལ་ཞིང་། འདི་ནི་ཡུལ་སྐོར་བས་མདའ་འཕེན་བཞིན་པ།
ཉིན་ཤས་གོང“རྒྱལ་སྟོན་དགའ་གཏོང་བྱེད། དྲུག་ཅུ་དབུ་དཀར་གྱིས་རྒྱལ་སྟོན་ལ་བསྟོད་གླུ་ཕུལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་སྤེལ་བ་དང་། འཁྲབ་སྟོན་པ་ཚོས་སྤྲོ་སྣང་ལྡན་པའི་གླུ་དབྱངས་དང་ཉམས་འགྱུར་ལྡན་པའི་གར་སྟབས་ཀྱི་ཐོག་ནས་མེས་རྒྱལ་ལ་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བྱེད་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད། འདི་ནི་འཁྲབ་སྟོན་པས་ཁྲའོ་ཞན་གྱི་ཞབས་བྲོ《ཉི་མའི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ》འཁྲབ་བཞིན་པ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་རྫོགས་ལྡན་གཟའ་འཁོར་ལ་ཉིང་ཁྲི་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་21.58ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.9ཟིན་ཡོད།
ཟླ་10ཚེས་1དང་ཚེས་2ཉིན། ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་11436ལ་སྣེ་ལེན་ཞུས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་5718ཟིན་པ་དེ་དུས་མཚུངས་ལས་29%འཕར་ཡོད།
ད་ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་9ཚེས་29ཉིན་འགོ་ཚུགས་ཤིང་། མིག་སྔའི་བར། བྱེད་སྒོ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་7.9ཟིན་པ་དང་དྲ་ཐོག་ཏུ་གླེང་མོལ་བྱེད་ཚད་དུང་ཕྱུར་1.3ལྷག་ཙམ་ཟིན་ཡོད། “མི་ཡུལ་གྱི་དག་ཞིང་། མཛེས་སྡུག་ལྡན་པའི་ཉིང་ཁྲིའི”སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།