དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྨན་གླིང་གྲོང་ཁྱེར་སྨན་རྩིས་ཁང“ཁ་པ་རིམ་པ་གཉིས་པའི”བོད་ལུགས་གསོ་རིག་སྨན་ཁང་གི་ཞིབ་དཔྱད་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

     ཉེ་ཆར། སྨན་གླིང་གྲོང་ཁྱེར་སྨན་རྩིས་ཁང་ལ་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་བཀའ་མཆན་དངོས་སུ་ཐོབ་ནས“ཁ་པ་རིམ་པ་གཉིས་པའི”བོད་ལུགས་གསོ་རིག་སྨན་ཁང་གི་ཞིབ་དཔྱད་ལམ་ལྷོངས་བྱུང་བ་དེ་ཐོག་ནས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་། དོ་དམ་མ་ལག་ལེགས་སྒྱུར། རིག་གཞུང་ཚན་ཁག་འཛུགས་སྐྱོང་གི་ཆུ་ཚད། ཤེས་ལྡན་པ་གསོ་སྦྱོང་སོགས་ལ་ངོ་བོའི་མཆོང་སྐྱོད་བྱུང་ནས། སྨན་གླིང་གྲོང་ཁྱེར་སྨན་རྩིས་ཁང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལེའུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    འཛུགས་གཏོད་ལས་དོན་སྤེལ་འགོ་བཙུགས་ཚུན། སྨན་གླིང་གྲོང་ཁྱེར་སྨན་རྩིས་ཁང་གིས《ཁ་པ་རིམ་པ་གཉིས་པའི་མི་རིགས་སྨན་ཁང་གི་ཞིབ་དཔྱད་ཚད་གཞིའི་ལག་བསྟར་ཞིབ་སྲོལ(2018ལོའི་པར་མ)》གཞིར་བཟུང་། ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཚང་བཤེར་ཆད་གསབ་བྱས་ཏེ། སྨན་ཁང་གི་དོ་དམ་ལམ་ལུགས་དང་ལས་ཀའི་བརྒྱུད་རིམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་སྨན་བཅོས་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད།

    སྨན་བཅོས་ཞབས་ཞུའི་ཐད། སྨན་ཁང་གིས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་། སྨན་བཅོས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། དམངས་ཕན་སྒྲིག་བཀོད་མང་དུ་བཏང་སྟེ། ནད་པར་དེ་བས་སྟབས་བདེ་དང་བག་ཕེབས་ཀྱི་སྨན་བཅོས་ཉམས་ལེན་མཁོ་འདོན་བྱས་པ་དང་། རིག་གཞུང་ཚན་ཁག་འཛུགས་སྐྱོང་ཐད། གཙོ་གནད་ཆེད་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ནད་བརྟག་སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་བ་དཔེར་ན། གྲུམ་ནད་རིམས་འགོག་ཚན་ཁག་དང་ལུམས་བཅོས་ཚན་ཁག་སོགས་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་སྦྱོང་ཚན་ཁག་ནས་ལོ་རེར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ནད་བརྟག་སྨན་བཅོས་བྱེད་ཚད་མི་ཐེངས་4400ལྷག་ཙམ་ཟིན་ཏེ་སྨན་ཁང་གི་ལྟེ་བའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཤེས་ལྡན་པ་གསོ་སྐྱོང་ཐད། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསོ་སྦྱོང་དང་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ། ལས་སྒོའི་རྐང་འཛིན་པ་བདམས་ནས་ཡུལ་གཞན་དུ་ཟབ་སྦྱོང་བྱེད་པར་མངགས་པ་བཅས་བྱས་ནས་སྨན་དོན་པའི་ལས་སྒོའི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།