ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“སློབ་སྲུང་ལས་གནས”སྤྱད་ནས་སློབ་གྲྭའི་དགེ་སློབ་ཚོའི་ཕྱིར་སྐྱོད་བདེ་འཇགས་སྲུང་བ།
ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་སྔ་སྣུར་ནས་སྤྱི་འདོམས་ཇུས་འགོད་དང་། སློབ་གྲྭ་དང་དེ་བཞིན་དེའི་ཉེ་འཁོར་གྱི་འགྲིམ་འགྲུལ་གནས་ཚུལ་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་དཔྱོད་ནུས་བྱེད་པ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་ནུས་ལྡན་སྣ་ཚོགས་སྤྱོད་པ། “སློབ་སྲུང་ལས་གནས”ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། དགེ་སློབ་ཚོའི་ཕྱིར་སྐྱོད་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས“ཞིབ་གཅོད+གཤོང་བ+དྲིལ་བསྒྲགས་སློབ་གསོ”བཅས་ཕྱོགས་གསུམ་གཞི་གཅིག་གི་ལས་དོན་སྤེལ་སྟངས་སྤྱད་དེ། སློབ་གྲྭ་ཚུགས་པ་དང་གྲོལ་བའི་འཚང་ཁ་ཆེ་སྒང་གི་དུས་སུ་འགྲིམ་འགྲུལ་འགག་པའི་གནས་ཚུལ་ལ་དམིགས་ནས། གཙོ་གནད་ལམ་དུམ་དུ་འཁོར་རིགས་གོ་རིམ་ལྡན་པའི་ངང་སྐྱོད་རྒྱུར་ཁྲིད་སྟོན་བྱས་པ་དང་། རླངས་འཁོར་སྒྲིག་ཁྲིམས་ལས་འགལ་ཏེ་བཞག་པ་དང་། གློག་འཁོར་ལམ་ལྡོག་ནས་བསྐྱོད་པ། སྲུང་ཞྭ་གོན་མེད་པ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་གཅོད་བྱས་པ། སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་ནུས་ལྡན་ངང་བསྲུངས་པས་དགེ་སློབ་ཚོར་བདེ་འཇགས་དང་གོ་རིམ་ལྡན་པའི་ཕྱིར་སྐྱོད་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།
སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཆུ་ཚོད་ཕྱེད་ཀའི་སྔོན་ནས་ལས་གནས་ཐོག་བསྐྱོད་དེ་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་བཅོས་སྒྲིག་དང་འགྲིམ་འགྲུལ་བཤངས་པ་སོགས་ཀྱི་སློབ་སྲུང་ལས་དོན་སྤེལ་ཡོད། ས་གནས་ས་ཐོག་ཏུ་མི་དམངས་ཉེན་རྟོག་པས་གོ་རིམ་ལྡན་པའི་ངང་ལམ་འགྲུལ་པ་དང་འཁོར་རིགས་དབར་བར་ཐག་བཞག་ནས་སྐྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་འགྲོ་ལམ་འགྲོ་སྐྱོད་ཀྱི་ས་ཆ་སྟོང་པ་གང་ལེགས་སྤྱད་པ་དང་། སྒྲིག་ཁྲིམས་ལས་འགལ་ཏེ་རླངས་འཁོར་བཞག་པ་དང་། ལམ་ལྡོག་ནས་བཏང་བ། གློག་དམར་རྩིས་མེད་བཏང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་དགེ་སློབ་ཚོར་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།