དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རོཌ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    ཉིང་ཁྲི་གྲོང་ཁྱེར་གྱིས་འདི་ལོ་ཚུན་དུ་གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རོགས་བྱས་པ་རེད།

    བཅའ་ཁྲིམས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་གི་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ཞིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རོགས་སྐྱོབ་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། “རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱེད་པའི”རྩ་དོན་གཞིར་བཟུང་། ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་དང་ཞིང་པ་ལས་མིའི་བཅའ་ཁྲིམས་ཀྱི་དགོས་མཁོ་ཐག་གཅོད་བྱས་ཡོད། འདི་ལོ་ཚུན་དུ་བཅའ་ཁྲིམས་རོགས་སྐྱོབ་ཀྱི་གྱོད་གཞི་180ཐག་གཅོད་བྱས་པ་དང་། མི་ཐེངས་2389ཡི་བཅའ་ཁྲིམས་ཀྱི་བློ་འདྲི་དང་ལེན་བྱས་པ། ཡིག་ཆ་2151ཚབ་འབྲི་བྱས་ཡོད། ཤང་དང་གྲོང་རྡལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ས་ཚིགས་96བཙུགས་པ་དང་གྲོང་ཚོར(སྡེ་ཁུལ)བཅའ་ཁྲིམས་བློ་འདོན་པ་517བཀོད་སྒྲིག་བྱས་ཡོད་པ་རེད།

    རྩོད་གཞི་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་བས་ཞབས་ཞུའི་ཚོང་གཉེར་ཁོར་ཡུག་ཚད་རིམ་གཉིས་སྤར་བྱུང་ཞིང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”སྤྱད་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་འདུམ་འགྲིག་ཨུ་ལྷན་596བཙུགས་པ་དང་། སྨན་བཅོས་རྩོད་གཞི་སོགས་ཀྱི་འདུམ་འགྲིག་རྩ་འཛུགས་36བཙུགས་ཡོད། འདི་ལོ་ཚུན་དུ་གན་རྒྱའི་རྩོད་གཞི་དང་། ངལ་ནུས་རྩོད་གཞི། དབྱར་རྩྭ་དགུན་འབུའི་དཔལ་འབྱོར་རྩོད་གཞི་སོགས་གཙོ་གནད་ཁྱབ་ཁོངས་སུ་འགལ་བ་དང་རྩོད་གཞི་ཐེངས་ཁྲི་1.42གྲལ་བཤེར་བྱས་པ་དང་རྩོད་གཞི་ཁག་1148འདུམ་འགྲིག་བྱས་པར་རྩོད་གཞི་ཁག་1009འདུམ་འགྲིག་ལེགས་གྲུབ་བྱུང་བ་རེད།

    བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་གི་ཁྲིམས་སྐྱོང་བཙན་རྫོང་བརྟན་དུ་ཕྱིན་ཞིང་། དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བ་སོགས་གཙོ་གནད་མཚམས་ཚིགས་སྤྱད་དེ། བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ་དང་། ས་གནས་ས་ཐོག་ཏུ་མི་ཐེངས་8000ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་གཞི་དང་དྲིལ་བསྒྲགས་དངོས་པོ་ཁྲི་6.73ལྷག་ཙམ་སྤྲད་པས། མང་ཚོགས་མི་ཐེངས་ཁྲི་5.26ལ་སློབ་གསོ་ཐེབས་ཡོད། “ཁྲིམས་ཤེས་པའི”གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ་ཁྲིམས་ཤེས་པ་1496གསོ་སྐྱོང་བྱས་པ། ཁྲིམས་སྐྱོང་ཐང་ཆེན་དང་ཁྲིམས་སྐྱོང་ཁྱམས་རིང་སོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་གཡུལ་ས་89བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།