བོད་ལྗོངས་མེ་འབར་ཐང་ཆུ་མཛོད་རགས་ཆེན་གྱི་ཐོག་བཀབ་པ།
ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱིས་སྐྲུན་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་བགྲུས་བཅག་ཨར་འདམ་གྱི་ལྗིད་ཤུགས་ཆུ་རགས་ཏེ་བོད་ལྗོངས་མེ་འབར་ཐང་ཆུ་མཛོད་རགས་ཆེན་གྱི་ཐོག་ཉེ་ཆར་བདེ་བླག་ངང་བཀབ་པ་རེད། དེ་ཐོག་ནས་ལས་གྲྭ་འདི་ཨར་སྐྲུན་གྱི“འགག་སྒྲོལ་དུས་མཚམས”ནས་ལྕགས་རིགས་ཀྱི་གྲུབ་ཆ་སྒྲིག་སྦྱོར་དང་འཕྲུལ་ཆས་གློག་ཆས་སྙོམས་སྒྲིག་ཚོད་ལྟའི“མཐའ་མའི་གདོང་མཆོང་དུས་མཚམས”སུ་ཕྱོགས་ཡོངས་ནས་སླེབས་པ་མཚོན་གྱི་ཡོད།
ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁོངས་སུ་ཡོད་པའི་མེ་འབར་ཐང་ཆུ་མཛོད་ལས་གྲྭའི་ཨར་སྐྲུན་ཁུལ་གྱི་ཆ་སྙོམས་ས་བབ་སྨི་4100ཟིན་པ་དང་། ཆུ་མཛོད་ཀྱི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2327ཟིན་གྱི་ཡོད། རྒྱལ་ཡོངས་ཀྱི་ཆུ་བེད་འཆར་འགོད་གཙོ་གནད་རྣམ་གྲངས་དང་དེ་བཞིན་བོད་དུ་སྐྲུན་བཞིན་པའི་མ་འཇོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་མཛོད་འབྲིང་གྲས་ཤིག་ཡིན་པའི་རྣམ་གྲངས་དེར་ཆུ་འདྲེན་དང་། ཆུ་མཁོ་འདོན། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་གཏོང་བཅས་ཀྱི་ནུས་པ་ལྡན་ལ་གློག་གཏོང་བའི་ནུས་པའང་ལྡན་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར་9.64བཏང་བའི་ལས་གྲྭ་དེ་2022ལོའི་ཟླ་བ་དྲུག་པར་དངོས་སུ་ལས་འགོ་ཚུགས་པ་དང་། 2023ལོའི་ཟླ་བ་བཅུ་པར་གཙང་ཆུ་བདེ་བླག་ངང་བཀག་པ། ད་ཆ་རགས་ཆེན་གྱི་ཐོག་བཀབ་ཅིང་། སྔོན་དཔག་བྱས་ན་2026ལོའི་ཟླ་6ཚེས་30ཉིན་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།