དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས།

    “སྡེ་ཁུལ་གྱི་འཇོན་ཐང་ཅན་གྱི་མཛོད”བཙུཌ་ཏེ་གཞི་རིམ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ“སྡེ་ཁུལ་གྱི་འཇོན་ཐང་ཅན་གྱི་མཛོད”གསར་དུ་བཙུགས་པ་དང་། “ལས་མི་གནད་འཁེལ་བསྡུ་བ་དང་། ལས་སྟེགས་སྐྲུན་པ། ཕུགས་ཕན་ལྕག་སྐུལ”བཅས་ཀྱི་བྱ་ཐབས་གསུམ་མཉམ་དུ་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་འཇོན་ཐང་ཅན་གཞི་རིམ་བཅོས་སྐྱོང་གི“གདོང་ལེན་རུ་ཁག”ཏུ་འགྱུར་བར་བྱས་ཏེ་གྲོང་མིའི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་མཐོ་རུ་བཏང་ཡོད།

    སྣེ་མང་མཉམ་བཅོས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད། སྣེ་གདོང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“དྲ་མིག་གི་མཐིལ་རྟོགས་གྲལ་བཤེར་དང་། མང་ཚོགས་ཀྱི་འོས་སྦྱོར། མི་སྒེར་གྱི་འོས་སྦྱོར”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་བརྟེན་ནས་རིག་རྩལ་དང་། རྩལ་ནུས། སློབ་གསོ། བདེ་ཐང་སོགས་ཁྱབ་ཁོངས་ཀྱི“རྩལ་ནུས་ལྡན་པ་དང་། སྤྲོ་སེམས་ཡོད་པ། ཐོན་ཁུངས་ལྡན་པ”བཅས་ཀྱི་གྲོང་མི་རྒྱ་ཁྱབ་ངང་བསྡུས་ཏེ། མི་136ཚུད་པའི“སྡེ་ཁུལ་གྱི་འཇོན་ཐང་ཅན་གྱི་མཛོད”བཙུགས་པ་དང་འབྲེལ་དམིགས་བསལ་གྱི་ཁྱད་ཆོས་ལ་གཞིགས་ནས“རིག་རྩལ་འཁྲབ་སྟོན་རུ་ཁག”དང“བདེ་ཐང་སྲུང་སྐྱོང་རུ་ཁག”སོགས་ཁྱད་ལྡན་དཔུང་ཁག་21བཙུགས་ནས། འཇོན་ཐང་ཅན་གྱི་དམིགས་བསལ་ཁྱད་ཆོས་དང་ཡུལ་མིའི་དགོས་མཁོ་གཉིས་སྙོམས་སྒྲིག་གནད་སྨིན་ཐུབ་པར་བྱས་ཡོད།

    ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། “གནམ་གང་དོན་གྲོས་ཐིང”སོགས་གཡུལ་སར་བརྟེན་ནས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“མང་ཚོགས་ཀྱིས་མངགས་ཐོ་འགོད་པ་དང་། སྡེ་ཁུལ་གྱིས་མངགས་ཐོ་གཏོང་བ། འཇོན་ཐང་ཅན་གྱིས་མངགས་ཐོ་ལེན་པའི”ཞབས་ཞུའི་རྣམ་པ་གསར་གཏོད་དང་། བཅའ་ཁྲིམས་རོགས་སྐྱོར་དང་། བདེ་ཐང་འོས་འགན་སྨན་བཅོས། རྩོད་གཞི་འདུམ་འགྲིག་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ཏེ། རིམ་རྩིས་བརྒྱབ་ན་ཡུལ་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་100ལྷག་ཙམ་ཐག་གཅོད་བྱས་པ་དང་། ཁྱད་ལྡན་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་ནས“ཁྱིམ་མཚེས་ཕན་ཚུན་རོགས་རམ་དང་ཐོན་ཁུངས་བརྗེ་རེས”བྱེད་པ་དེ་སྡེ་ཁུལ་གྱི་དར་སྲོལ་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།