དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གྲོ་གྲོང་ཚོས།

    ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་དཀའ་གནད་སེལ་བ་དང་དམངས་ཕན་སྲིད་ཇུས་ཀྱིས་མི་སེམས་དྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-07

    ད་ལོའི་གྲོང་སྡོད་རེས་སྐོར་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གྲོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞིའི“བོད་ཀྱི་གྲོང་མིའི་བཟའ་བཅའ་དང་འཚོ་བཅུད་བདེ་ཐང་ལེགས་གཏོང་དང་གྲོང་ཚོ་ཧྲིལ་པོའི་དཔེ་སྟོན་ལེགས་གཏོང”གི་ཞིབ་འཇུག་བྱ་གཞི་ལག་བསྟར་བྱེད་པ་གོ་སྐབས་གལ་ཆེན་དུ་བརྩིས་ནས་ཕན་ནུས་ལྡན་པའི་བྱ་ཐབས་རབ་དང་རིམ་པ་བརྒྱུད། ས་མཐོའི་མང་ཚོགས་ལ་འཕྲད་པའི་འཚོ་བཅུད་དང་བདེ་ཐང་གི་དཀའ་གནད་ནུས་ལྡན་ངང་ཐག་གཅོད་བྱས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་མང་ཚོགས་ཀྱི་སེམས་པ་དྲོ་བར་བྱས་ཡོད།

    དེ་གོང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ལན་ཀྲོའུ་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་བཟའ་བཅའི་རྨང་གཞིའི་བརྟག་དཔྱད་ལས་མངོན་པར། ས་མཐོའི་ཁུལ་དུ“གཙོ་ཟས་ཀྱིས་བཟུང་བའི་བསྡུར་ཚད་མཐོ་དྲགས་པ་དང་སྔོ་ཚལ་དང་སྤུས་ལེགས་སྤྲི་དཀར་མི་འདང་བ”སོགས་བཟའ་བཅའི་གྲུབ་ཆ་དོ་སྙོམས་མེད་པའི་གནད་དོན་གནས་ཡོད། གནས་ཚུལ་དེར་དམིགས་ནས་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་བཟའ་བཅའ་ལེགས་སུ་གཏོང་བའི་ལས་དོན་དེ་གྲོང་སྡོད་ལས་དོན་གྱི་ལས་འགན་གལ་ཆེན་གྱི་གསལ་ཐོའི་ནང་བཅུག་ཡོད། ཁོང་ཚོས་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས་རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞི་སྒྲོག་འགྲེལ་དང་བརྟག་དཔྱད་གྲུབ་འབྲས་ལ་གསལ་འགྲེལ་བྱ་རྒྱུ་དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྩ་འཛུགས་ཀྱི་འཚོ་བའི་ཁྲོད་མཉམ་འདྲེས་ལེགས་པར་བྱས་ཏེ། “གྲོང་ཚོའི་ཏང་ཀྲི་པུས་སྤྱི་འདོམས་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་དོན་འཁྱོལ། ཏང་ཡོན་གྱིས་སྣེ་ཁྲིད། མང་ཚོགས་ཞུགས་པ”བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་རིམ་བཞིན་ཆགས་ཡོད། དེ་དང་དུས་མཚུངས། ཆེད་སྤྱོད་མ་དངུལ་སྒོར་ཁྲི་30ལ་བརྟེན་ནས་གྲོང་ཚོ་ཨུ་ལྷན་དུ“འཚོ་བཅུད་བདེ་ཐང་ཞབས་ཞུའི་ས་ཚིགས”བཙུགས་པ་དང་། ལས་དོན་རུ་མི་དང་ཏང་ཡོན་རྐང་འཛིན་པ་ལས་གྲུབ་པའི་ཆེད་དོན་ལས་དོན་ཚོགས་ཆུང་གིས་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་དང་། དངོས་ཟོག་སྤྲོད་པ། བཟའ་བཅའི་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།