སྔོན་གཤེགས་དཔའ་བོར་གུས་འདུད་ཞུ། མདུན་སྐྱོད་བྱེད་པར་ལྕག་སྐུལ་གཏོང་།
འདི་ནི་ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་མེ་ཏོག་སོས་པ་འབུལ་བཞིན་པ།
ཟླ་9ཚེས་30ཉིན་ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་གཉིས་པ་ཡིན་པ་དང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཤིང་། ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཚད་མེད་དང་རྗེས་དྲན་ཟབ་མོ་ཞུ་ལུགས་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།