རང་ལྗོངས་ཀྱི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ཀྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ཀྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་ལྷ་སར་འཚོགས་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ་སོགས་ཀྲུང་དབྱང་སྨྱན་སྦྱོར་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོ་བཅས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།