ལྗོངས་ཡོངས་ཀྱི“གྲོང་ཁོངས་ཐོན་སློབ་མཉམ་འབྲེལ་སྒྲིག་གཞི”ཐོག་མ་དེ་ནག་ཆུར་བཙུགས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་བྱེད་སྒོ་ལྟེ་གནས་སུ་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁོངས་ཐོན་སློབ་མཉམ་འབྲེལ་སྒྲིག་གཞི་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་དེ་ནི་ལྗོངས་ཡོངས་ཀྱི་གྲོང་ཁོངས་ཐོན་སློབ་མཉམ་འབྲེལ་སྒྲིག་གཞི་ཐོག་མ་དེ་ཡིན་ལ། ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་དོན་ཆེན་དང་བྱ་བ་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད། ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས། དེ་ནི་ནག་ཆུ་གྲོང་ཁྱེར་གྱིས་སློབ་གསོའི་འཁོར་འབྲེལ་དང་། ཤེས་ལྡན་པའི་འཁོར་འབྲེལ། ཐོན་ལས་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཀྱང་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།