རྒྱལ་ཡོངས་ཀྱི་ས་མཐོ་ཡང་མཐོའི་མི་མེད་སྒྲིག་ཆས་ཚོད་ལྟའི་རྟེན་གཞི་ཐོག་མ་མངའ་རིས་སུ་སྒོ་བྱང་བཀལ་བ།
ཉེ་ཆར། མངའ་རིས་ས་ཁུལ་སྒར་རྫོང་དུ“སྤྲིན་སྣེར་མཐུན་རྐྱེན་སྦྱོར། མངའ་རིས་སུ་ཕུགས་འདུན་ས་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མངའ་རིས་ས་ཁུལ་གྱི་དམའ་དབྱིངས་ཐོན་ལས་ཀྱི་འཕེལ་རྒྱས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་གྱི་ས་མཐོ་ཡང་མཐོའི་མི་མེད་སྒྲིག་ཆས་ཚོད་ལྟའི་རྟེན་གཞིའི་སྒོ་བྱང་དངོས་སུ་བཀལ་བ་རེད།
ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་ལས་མངའ་རིས་ས་ཁུལ་གྱི་ས་མཐོ་ཡང་མཐོའི་མི་མེད་སྒྲིག་ཆས་ཞིབ་སྤེལ་དང་བཀོལ་སྤྱོད་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། རྟེན་གཞི་དེ་རང་རྒྱལ་གྱི་ས་མཐོ་ཡང་མཐོའི་མི་མེད་སྒྲིག་ཆས་ཀྱི་ཆེད་ལས་ཚོད་ལྟའི་རྟེན་གཞི་ཐོག་མ་ཡིན་པའི་ངོས་ནས་མི་མེད་སྒྲིག་ཆས་སྒྲིག་སྦྱོར་དང་། ཚོད་ལྟ། ཚོད་འཕུར་སོགས་ནུས་པ་གཞི་གཅིག་ཏུ་འདུས་ཤིང་། སྨི་4500ཡན་གྱི་ས་བབ་མཐོ་བའི་ས་ཁོངས་ཀྱི་ཆེད་ལས་མི་མེད་སྒྲིག་ཆས་ཚོད་ལྟའི་རྟེན་གཞི་མེད་པའི་སྟོང་ཆ་བསབས་ཡོད།
འབྲེལ་ཡོད་གསར་འགྱུར།