དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧྭ་གློག་གི་བོད་ཀྱི་རླུང་གློག་རྣམ་གྲངས་དང་པོ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    རླུང་གློག་འཕྲུལ་ཆས་ཀྱི་རླུང་གཤོག་ཨང་དང་པོ་དལ་བུར་འགུལ་བ་དང་སྦྲགས་ཀྲུང་གོ་ཧྭ་གློག་གི་བོད་ཀྱི་རླུང་གློག་རྣམ་གྲངས་དང་པོ་སྟེ། ཆུ་གསུམ་སྟོད་གཟིགས་རླུང་གློག་རྣམ་གྲངས་ཉེ་ཆར་དངོས་སུ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ་རེད། དེ་ནི་རང་སྐྱོང་ལྗོངས་ཀྱིས་2024ལོར་གཏན་འབེབས་བྱས་པའི་འགན་སྲུང་རང་བཞིན་གྱི་རླུང་གློག་གསོག་ནུས་རྣམ་གྲངས་ཁྲོད་ཀྱི་གློག་བཏང་བའི་རྣམ་གྲངས་དང་པོ་དེ་རེད།

    རྣམ་གྲངས་འཁོར་རྒྱུག་བྱས་རྗེས། སྔོན་དཔག་བྱས་ན་ལོ་ལྟར་མཁོ་འདོན་བྱས་པའི་ནུས་རྒྱུ་གཙང་མས་ཁྱིམ་ཚང་ཁྲི་4.5ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དེ་ནི་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.65གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་7.44ཉུང་དུ་བཏང་བ་དང་ཁྱད་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།