དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་ལོའི་ལོ་མཇུག་ཏུ་བོད་སྐད་ཡིག་གི་མི་ཐབས་རིག་ནུས་ཀྱི་APPསྤྱོད་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཉེ་ཆར་ཧང་ཀྲོའུ་རུ་གཉེར་བའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པར་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་རང་ལྗོངས་ཀྱི་བོད་སྐད་ཡིག་གི་མི་ཐབས་རིག་ནུས་APPདང་པོ་སྟེ། “གཏེར་ཚང”ཞེས་པ་འགྲེམས་སྟོན་བྱས་པ་རེད། སྐད་རིགས་མང་པོ་སྤེལ་རེས་ཐུབ་པར་ཆེད་དུ་ཇུས་འགོད་བྱས་པའི་AIཉེར་སྤྱོད་འདིར་རྒྱ་སྐད་དང་དབྱིན་སྐད་ཡོད་པ་མ་ཟད། བོད་སྐད་ཀྱི་དབུས་གཙང་གི་སྐད་དང་། ཁམས་སྐད། ཨ་མདོའི་སྐད་བཅས་ཡུལ་སྐད་ཆེན་པོ་གསུམ་འདུས་ཡོད་པ་ལས་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ལག་རྩལ་གྱི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་པའང་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།