བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་དགུ་པར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བརྟན་པོ་འཕར་བ།
གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དགུ་པར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཁྲོམ་རར“དབྱར་ཁའི་གུང་གསེང་རྗེས”ཀྱི་ཡུལ་སྐོར་དང་ཚོང་དོན་ཕྱིར་སྐྱོད་སྣོལ་མའི་ཁྱད་ཆོས་མངོན་ནས། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མུ་མཐུད་ཅུང་མཐོ་པོར་གནས་པ་དང་དངོས་ཟོག་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དགུ་པར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་འབབ་འཕུར་ཐེངས་6572འགན་ལེན་བྱས་ནས་འགྲུལ་པ་མི་ཐེངས་ཁྲི་78.6དང་། དངོས་ཟོག་སྦྲག་བསྐུར་ཏུན་5183.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་8.9%དང་། 11.2% 9.2%བཅས་སོ་སོར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།