དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གསུམ་རྫོང་སྟོད་གཟིགས་ཤང་པ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    གཞི་རིམ་དུ་གཞི་ཚུགས་ནས་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཁག་བཅུ་བཞི་པའི་ཆུ་གསུམ་རྫོང་སྟོད་གཟིགས་ཤང་པ་ནི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་སྡོད་ལས་དོན་རུ་ཁག་གིས་སྲིད་ཇུས་དྲིལ་བསྒྲགས་དང་། འགལ་བ་འདུམ་སྒྲིག དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན། དམངས་འཚོར་ཞབས་འདེགས་ཞུ་བ་བཅས་ལ་གནད་སྨིན་ཤུགས་འདོན་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་མཐོ་ནུས་ཆེ་ཡོང་བར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་སྐོར་གྱི་རྩིས་ཁྲ་བཟོས་ཁར། གྲོང་སྡོད་ལས་དོན་རུ་ཁག་གིས་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། གཞུང་ལམ་རྡིབ་པ། ཆུ་སྤུས་གནད་དོན་སོགས་ཐད་ལ་ཡུལ་མིས་རེ་འདུན་གོང་ཞུ་བྱས་པ་འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ། ངོ་ཐུག་གདོང་འཕྲད་ངང་མཐུན་སྦྱོར་གང་ལེགས་བྱས་ནས“དོན་ཆུང་གྲོང་ཚོ་ནས་ཐག་གཅོད་དང་དོན་ཆེན་ཤང་ནས་ཐག་གཅོད”ཕྱོགས་ཡོངས་ནས་ཐུབ་པར་བྱས་ཡོད།

    པ་ནི་གྲོང་ཚོར་གཞིས་སྲུང་རྒན་རྒོན་མང་བ་དང་། འགྲོ་སྐྱོད་སྟབས་བདེ་མེད་པ། ཡུལ་གཞན་དུ་སྡོད་མཁན་མང་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས། གྲོང་སྡོད་ལས་དོན་རུ་ཁག་གིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་སྟངས་སྤྱད་དེ་མང་ཚོགས་ལ་སྟབས་བདེ་མང་པོ་བསྐྲུན་ཞིང་། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་གྲོང་ཚོའི་ལས་བྱེད་པས་གཅིག་སྡུད་ངང་གཞུང་དོན་སྒྲུབ་པའི་ཉིན་མོ་སོགས་ཀྱི་སྐབས་དང་བསྟུན་ནས། ཞིང་བྲེལ་ཆེ་བའི་སྐབས་སུ་ཞིང་ལས་བྱེད་རོགས་ཐེངས་3བྱས་པ་དང་། གཞིས་སྲུང་རྒན་རྒོན་གྱི་ཁྱིམ་ལ་གཙང་སྦྲ་ཐེངས་4བྱས་པ། ལོ་60ཡན་གྱི་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་གྱི་སྤྱི་ཚོགས་འགན་སྲུང་ཁས་ལེན་དཔང་འདོན་ལས་སྒོ་ཁྱིམ་གྱི་སྒོ་ཁར་ཚབ་གཉེར་བྱེད་པར་བསྐྱོད་ཅིང་། རིམ་རྩིས་བརྒྱབ་ན་མི་30ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།